འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་མཚོ་འགག་ངོགས་གཉིས་ཀྱི"ཀྲུང་ཧྭ་མི་རིགས་ཀྱི་གནམ་མཆོད་གསོལ་འདེབས"
    ཀྱི་བྱེད་སྒོ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་17ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་ཀྲུང་གོའི་ཐའེ་ཧྲན·གནམ་ས་ཐང་ཆེན་དུ་2017ལོའི་མཚོ་འགག་ངོགས་གཉིས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གནམ་མཆོད་གསོལ་འདེབས་ཀྱི་མཛད་སྒོ་གཉེར་བ་རེད། མཚོ་འགག་ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། སྨྱན་སྦྱོར་ལས་རིགས་ཀྱི་གྲོགས་པོ། སྲོལ་རྒྱུན་རིག་གནས་ལ་དགའ་བའི་ལས་རིགས་ཁག་གི་མི་སྣ་བཅས་མི་1500ལྷག་མཛད་སྒོར་ཞུགས་ཡོད། བྱེད་སྒོ་སྤེལ་རིང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་གཏོང་ཆེད། སྒྲིག་འཛུགས་ཨུ་ལྷན་གྱིས“ཅི་ནན་གྱི་བུ་ཕྲུག་སྲི་ཞུ་ཅན་བཅུ”དང“སྐབས་དང་པོའི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་བཅུའི”འཐུས་མི་གདན་དྲངས་ཏེ་གནམ་མཆོད་གསོལ་འདེབས་ཀྱི་བྱེད་སྒོར་ཞུགས་པ་རེད།
           2017ལོའི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་སྤེལ་རེས་ཚོགས་ཆེན་ནི་2017ལོའི་མཚོ་འགག་ངོགས་གཉིས་ཀྱི“ཀྲུང་ཧྭ་མི་རིགས་ཀྱི་གནམ་མཆོད་གསོལ་འདེབས”ཀྱི་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་བརྗོད་དོན་གཏམ་བཤད་དང་གྲལ་སྒོར་གླེང་སྟེགས་གཉིས་སུ་ཕྱེ་ཡོད། ཚོགས་ཆེན་ཐོག་ཏུ་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་དང་དེ་བཞིན་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་བའི་ལག་ལེན་དང་གསར་གཏོད་ཐད་ཕྱོགས་མི་འདྲ་བ་དང་རིམ་པ་སོ་སོ་ནས་འགྲེལ་བཤད་དང་གྲོས་བསྡུར་ཟབ་མོ་བྱས་པར་བརྟེན་ཏེ་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་དམངས་བྱིངས་ཀྱི་ཤེས་རྟོགས་དང་། ངོས་ལེན། ལག་ལེན་བཅས་བྱེད་ཟབ་ཏུ་གཏོང་བ་དང་དེ་བཞིན་རིག་གནས་ཐོན་ལས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པ། རིག་གནས་ཀྱི་གདེང་ཚོད་ཆེར་གཏོང་དང་བསམ་པའི་དད་མོས་འཛུགས་སྐྱོང་ཤུགས་ཆེ་རུ་བཏང་ནས་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཀྱི་ནུས་པ་འདོན་པ་དང་། མི་དང་མིའི་དབར་དང་། མི་དང་སྤྱི་ཚོགས། མི་དང་ཁོར་ཡུག་བཅས་དབར་གྱི་གཉིས་ཕན་མཉམ་འཕེལ་གྱི་ལམ་བུ་འཚོལ་ཞིབ། སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་གྲུབ་འབྲས་འཁྲུག་པོ་དང་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ལས་ཐོན་ཁུངས་མཉམ་འདྲེས་ཀྱི་ལས་སྟེགས་ཤིག་བསྐྲུན་པ་དང་སྐྱེད་སྲིང་བཅས་བྱས་པ་རེད།
          ད་རེས་ཀྱི་བྱེད་སྒོའི་གསར་གཏོད་ཆེན་པོ་ཞིག་ནི་མངོན་མིན་རིག་གནས་ཤུལ་བཞག་སྒྱུ་རྩལ་གྱི་འགྲེམས་སྟོན་ཞིག་ཡིན་ལ་རྣམ་པ་མང་པོར་བརྟེན་ནས་གནམ་མཆོད་གསོལ་འདེབས་ལ་རམ་འདེགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།