འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་འགོ་ཚུགས་པའི་མཛད་སྒོ་ཚེས་18ཉིན་གྱི་ཆུ་ཚོད་9:00
    ཐོག་མི་དམངས་ཚོགས་ཁང་ཆེ་མོ་ནས་འཚོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་17ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་ཚིགས་ནས་སྤེལ་བའི་གསར་འགྱུར་ལ་གཞིགས་ན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་འགོ་ཚུགས་པའི་མཛད་སྒོ་ནི་2017ལོའི་ཟླ་10ཚེས་18ཉིན་གྱི་ཆུ་ཚོད་9:00ཐོག་མི་དམངས་ཚོགས་ཁང་ཆེ་མོར་འཚོག་རྒྱུ་གཏན་འཁེལ་བྱས་པ་རེད།
          བརྡ་ཐོའི་ནང་གི་འབྲེལ་ཡོད་དོན་ཚན་གཤམ་གསལ།
          གཅིག གསར་འགོད་པ་ཚོས་ཚོགས་ཆེན་གྱི་བཅར་འདྲིའི་དཔང་ཡིག་བསྣམས་ནས་ཆུ་ཚོད་7:30ནས་8:40བར་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོ་ནས་བདེ་འཇགས་ཞིབ་བཤེར་བྱས་རྗེས་ཚོགས་ཁང་དུ་ཕེབས་རྒྱུ།
         གཉིས། བརྙན་ལེན་པར་ལེན་གསར་འགོད་པ་དང་རྩོམ་འབྲི་གསར་འགོད་པ་ཚོ་ཚང་མ་ཚོགས་ཁང་ཆེ་མོའི་ཐོག་རིམ་གཉིས་པའི་སྒོ་5པ་ནས་ཚོགས་རར་ཕེབས་ནས་ཐོག་རིམ་གཉིས་པའི་གསར་འགོད་པ་བཞུགས་ཁུལ་3པ་དང་5པ། 7པ་བཅས་སུ་བཞུགས་ཆོག་པ་དང་། རྩོམ་འབྲི་གསར་འགོད་པ་ཚོགས་ཁང་ཆེ་མོའི་ཐོག་རིམ་གསུམ་པའི་སྒོ་5པ་ནས་ཚོགས་རར་ཕེབས་ནས་ཐོག་རིམ་གསུམ་པའི་ཚོགས་ཁང་ཆེ་མོའི་གསར་འགོད་པ་བཞུགས་ཁུལ་3པ་དང་5པ། 7པ་བཅས་སུ་བཞུགས་ཆོག་པ།
          གསུམ། གསར་འགོད་པ་སོ་སོ་སྡོད་པའི་རླངས་འཁོར་ནི་ཚོགས་ཆེན་ལ་ཞུགས་རྒྱུའི་དཔང་ཡིག་ལ་གཞིགས་ཏེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གཏན་འཁེལ་བྱ་ཡུལ་དུ་བཞག་ཆོག་པ།
          བཞི། འགོ་ཚུགས་པའི་མཛད་སྒོ་གྲོལ་རྗེས་ཀྱི་སྐར་མ་10རིང་ལ། མི་དམངས་ཚོགས་ཁང་ཆེ་མོའི་ཐོག་རིམ་གཉིས་པའི་ལྷོ་ངོས་ཚོམས་ཁང་དུ་གསར་འགོད་པ་ཚོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འབྲེལ་ཡོད་ཡིག་ཆ་སྤྲོད་རྒྱུ་ཡིན་པས། གསར་འགོད་པ་ཚོས་ཚོགས་ཆེན་གྱི་བཅར་འདྲིའི་དཔང་ཡིག་ལ་བརྟེན་ནས་བླངས་ཆོག་པ།
         ལྔ། འགོ་ཚུགས་པའི་མཛད་སྒོ་ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ཡུལ་དངོས་ཐད་གཏོང་བྱ་རྒྱུ་ཡིན་ཞིང་། གསར་འགྱུར་ལྟེ་གནས་ཀྱིས་རིན་པ་མི་ལེན་པར་འགོ་ཚུགས་པའི་མཛད་སྒོ་ཐད་གཏོང་སྤྱི་པའི་བརྡ་རྟགས་མཁོ་འདོན་བྱ་རྒྱུ་ཡིན་པས། འགོ་ཚུགས་པའི་མཛད་སྒོར་ཞུགས་པའི་སྨྱན་སྦྱོར་ལས་ཁུངས་ཀྱིས་ཐད་གཏོང་སྒྲིག་ཆས་ཚོགས་རར་མ་ཁྱེར་རོགས།
         དྲུག མི་དམངས་ཚོགས་ཁང་ཆེ་མོའི་འབྲེལ་ཡོད་དོ་དམ་གཏན་འབེབས་ལ་གཞིགས་ནས་ལག་ཁྱེར་ཁ་པར་གྱི་རང་ཉིད་པར་ལེན་དབྱུག་ཆས་མ་ཁྱེར་རོགས།
      

    ཕྱོགས་བསྡུས་གསར་འགྱུར།