འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།>>ཏང་གི་ཚོགས་ཆེན་བཅུ་དགུ་པ།

    ༄༅།།བོད་ལྗོངས་ལ་བཅངས་པའི་བརྩེ་དུང་མཛེས་ཤོས་འཁྲབ་སྟོན་བྱས་པ།

    ——ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱི་མི་རིགས་ཞབས་བྲོ་གསར་རྩོམ་བྱས་ཚུལ་སྒྲིལ་གླེང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ལ་བཅངས་པའི་བརྩེ་དུང་མཛེས་ཤོས་འཁྲབ་སྟོན་བྱས་པ།
          མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱི་གར་མཁན་མཐུན་ཚོགས་ཀྱིས་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་དང་། ཀྲུའུ་ཞི་ཚོགས་པའི་ཐད་ཀར་འགོ་ཁྲིད་བྱས་པའི་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྤྱི་དང་། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་སྒྱུ་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། རིག་རྩལ་གསར་རྩོམ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་ལྟེ་བའི་ལས་འགན་འདིར་དམ་པོར་དམིགས་ནས་བདེན་འཆོལ་དོན་གཉེར་དང་གསར་གཏོད་ཡར་བརྩོན་བྱས་ཏེ་མཐུན་ཚོགས་ཀྱི་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་ཧུར་བརྩོན་བྱས་པ་དང་། རིག་གནས་ཀྱི་མཐུན་རྐྱེན་སྐྲུན་ཐབས་ཧུར་ཐག་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཞབས་བྲོའི་ལས་དོན་དར་རྒྱས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་འབུལ་འོས་པའི་ལེགས་སྐྱེལ་ཕུལ་བ་རེད།
         མིག་སྔར། བོད་ལྗོངས་གར་མཁན་མཐུན་ཚོགས་ནི་རྒན་དར་གཞོན་གསུམ་མི་རབས་གསུམ་གྱི་མི་སྣ་ལས་གྲུབ་པ་རེད། རྒན་རབས་པའི་གར་མཁན་ནི་བོད་ལྗོངས་གར་མཁན་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ངག་དབང་མཁས་གྲུབ་དང་། ཀྲུའུ་ཞི་བསྟན་འཛིན་མགོན་པོ་སོགས་ཀྱིས་ཚབ་བྱེད་ཀྱི་ཡོད་པ་དང་། དར་མའི་གར་མཁན་ནི་ཀྲུང་གོའི་གར་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ལྗོངས་གར་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བ་ལྷ་མོ་དང་། བོད་ལྗོངས་གར་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པད་སྐྱིད་སོགས་ཀྱིས་ཚབ་བྱེད་ཀྱི་ཡོད་ཅིང་། དེ་དག་གི་ཁྲོད་དུ་སྒྱུ་རྩལ་པ་ཁ་ཤས་ལ་ཀྲུང་གོའི་གར་མཁན་མཐུན་ཚོགས་ཀྱིས་གནང་བའི"བྱས་རྗེས་འབུར་ཐོན་ཅན་བཞག་པའི་གར་མཁན"ཞེས་པའི་མཚན་སྙན་ཐོབ་མྱོང་བ་རེད།
    བོད་ལྗོངས་གར་མཁན་མཐུན་ཚོགས་ཀྱི་ལས་སྒྲུབ་མི་སྣས་ལྷོ་ཁར་དམངས་གཞས་འཚོལ་བསྡུ་བྱས་པ།
    བོད་ལྗོངས་གར་མཁན་མཐུན་ཚོགས་ཀྱི་ལས་སྒྲུབ་མི་སྣས་ལྷོ་ཁར་དམངས་གཞས་འཚོལ་བསྡུ་བྱས་པ།
    གར་མཁན་མཐུན་ཚོགས་ཀྱི་ལས་སྒྲུབ་མི་སྣས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་གར་མཁན་མཐུན་ཚོགས་ལ་གཞོགས་འདེགས་བྱས་ནས་ལྷོ་ཁར་བསྐྱོད་དེ'སྤྲོ་སྐྱིད་གཞི་རིམ་དུ་སྐྱེལ་བ'ཞེས་པའི་རིག་རྩལ་འགྲེམས་སྟོན་སྤེལ་བ།
    གར་མཁན་མཐུན་ཚོགས་ཀྱི་ལས་སྒྲུབ་མི་སྣས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་གར་མཁན་མཐུན་ཚོགས་ལ་གཞོགས་འདེགས་བྱས་ནས་ལྷོ་ཁར་བསྐྱོད་དེ"སྤྲོ་སྐྱིད་གཞི་རིམ་དུ་སྐྱེལ་བ"ཞེས་པའི་རིག་རྩལ་འགྲེམས་སྟོན་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།