འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།《ཚར་དུས་མེད་པའི་རྒྱང་སྐྱོད》ཀྱི་བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས་ཡན་ཨན་
    དུ་འཁྲབ་སྟོན་ཐོག་མར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་17ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས་ཆེ་གྲས་《ཚར་དུས་མེད་པའི་རྒྱང་སྐྱོད་》ཟླ་10ཚེས་14ཉིན་གྱི་དགོང་མོར་ཡན་ཨན་ཟློས་གར་ཁང་ཆེ་མོར་འཁྲབ་སྟོན་ཐོག་མར་བྱས་ཤིང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རིག་གནས་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་ཡན་ཨན་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་1000ལྷག་གིས་འཁྲབ་སྟོན་བལྟས་པ་རེད།
          《ཚར་དུས་མེད་པའི་རྒྱང་སྐྱོད་》ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་སྐབས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའི་གླུ་གར་ཚོགས་པས་རྩོམ་སྒྲིག་བྱས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས་ཤིག་ཡིན་པ་དེར་ཀྲུང་དབྱང་གིས་ཆོག་མཆན་གནང་བ་བརྒྱུད་ཡན་ཨན་དུ་རྒྱུན་རྣམ་ཅན་གྱི་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།
           དགོང་ཚོགས་ཐོག་ལོ་རྒྱུས་སྙན་ངག་ཆེ་གྲས་ཀྱི་རྣམ་པའི་ཐོག་ནས་རོལ་དབྱངས་དང་། ཞབས་བྲོ། ཟློས་གར། འཁྲབ་སྟོན་སོགས་གར་སྟེགས་ཀྱི་བྱ་ཐབས་ཕྱོགས་བསྡུས་སུ་སྤྱད་དེ་དམར་དམག་དཔོན་དམག་གིས་རྒྱང་སྐྱོད་ལམ་བུར་ཁྲག་བཏོན་དམར་འཛིང་དང་དཀའ་བ་དང་ཉེན་ཁ་ཁྱད་དུ་བསད་པའི་འཐབ་འཛིང་འཚོ་བ་འབུར་དུ་ཐོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་དད་སེམས་བརྟན་པོ་དང་། ཕུགས་བསམ་དོན་གཉེར། རང་སྲོག་བློས་གཏོང་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་སྙིང་སྟོབས་འབུར་དུ་ཐོན་པ། རྒྱང་སྐྱོད་སྙིང་སྟོབས་ཀྱི་ལོ་རྒྱུས་ཀྱི་རྒྱུན་འཛིན་བྱ་ཡུལ་དང་དུས་རབས་ཀྱི་ནང་དོན་གསར་པ་འབུར་དུ་ཐོན་པ་བཅས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཉེན་ཁའི་གནས་ལས་སྐྱོབ་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་མི་རིགས་བསྐྱར་དར་ལ་སྣེ་ཁྲིད་བྱེད་པའི་རྐང་འཛིན་གྱི་ནུས་པ་སྔར་བས་འབུར་དུ་ཐོན་པ་དང་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པའི་ཡིད་ཆེས་དང་སྟོབས་ཤུགས་སྔར་བས་གཅིག་ཏུ་སྒྲིལ་བ་མཚོན་པར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།