འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་གཅིག་རྗེས་གཉིས་མཐུད་ངང་པེ་ཅིང་དུ་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་17ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་གྱི་ཆུ་ཚོད་9པ་ཙམ་ལ་ནང་སོག་གི་འཐུས་མི་ཚོགས་པ་ཞུགས་པའི་གནམ་གྲུ་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དུ་དལ་བུར་བབས་པ་དང་ཆབས་ཅིག་དགའ་སྤྲོའི་རྣམ་པས་ཁེངས་པའི་རྒྱལ་ས་པེ་ཅིང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་མཁན་ས་གནས་ཁག་གི་འཐུས་མིར་བསུ་བ་ཞུ་འགོ་ཚུགས་པ་རེད།
           ནང་སོག་གི་འཐུས་མི་ཚོགས་པ་ནི་པེ་ཅིང་དུ་ཨང་དང་པོ་འབྱོར་བའི་ས་གནས་གཞན་གྱི་འཐུས་མི་ཚོགས་པ་ཡིན་པ་ཤེས་རྟོགས་བྱུང་སྐབས་ཝུའུ་ཡུན་སུའུ་དབྱི་དགའ་ཚོར་ཆེན་པོ་བྱུང་ནས“གཞི་རིམ་གྱི་ཞིང་འབྲོག་པའི་ཏང་གི་འཐུས་མི་ཞིག་ཡིན་པའི་ངོས་ནས་ངས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མྱོང་ཚོར་ཟབ་མོ་ཐུབ་བྱུང་། ཞིང་འབྲོག་པའི་ཡོང་འབབ་ཇེ་མང་དུ་སོང་བ་དང་། འཚོ་བའི་ཆུ་ཚད་ཇེ་ལེགས་སུ་ཕྱིན་པ། མི་སེར་ཕྱིར་སྐྱོད་ཐད་དེ་བས་སྟབས་བདེ་བྱུང་བ། སྨན་བཅོས་དང་རྒན་གསོ་སོགས་ཚང་མར་དེ་བས་ལེགས་པའི་འགན་ལེན་ཐུབ་ཡོད”ཅེས་བཤད།
          དེ་རྗེས་ཀྱི་ཆུ་ཚོད་ཁ་ཤས་ནང་བོད་ལྗོངས་དང་། མཚོ་སྔོན། ཀུའེ་ཀྲོའུ། ཤིན་ཅང་། ཧྥུའུ་ཅན། ཁྲུང་ཆིང་། ཅི་ལིན། ཉིང་ཞ་སོགས་ཀྱི་འཐུས་མི་ཚོགས་པ་ཞུགས་པའི་གནམ་གྲུ་ཡང་གཅིག་རྗེས་གཉིས་མཐུད་ངང་པེ་ཅིང་དུ་འབྱོར་ཡོད།
          ཏང་ཡོངས་ཀྱི་ཏང་ཡོན་ཁྲི་8900ལྷག་ཙམ་དང་ཏང་རྩ་འཛུགས་ཁྲི་450ལྷག་ཙམ་གྱི་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་འཁུར་བ་དང་རྒྱལ་ཡོངས་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་རེ་བ་ཟབ་མོ་ཁྱེར་ནས་ཕེབས་པའི་ས་ཁུལ་མི་འདྲ་བ་དང་། ལས་རིགས་མི་འདྲ་བ། མི་རིགས་མི་འདྲ་བ་བཅས་ཀྱི་འཐུས་མི་ཚོས་སེམས་ཤུགས་རབ་ཏུ་འཕེལ་བ་དང་བློ་སྟོབས་ཆེར་སྐྱེད་ཀྱི་ཐོག་ནས་ཕ་ཡུལ་གྱི་འགྱུར་ལྡོག་བརྗོད་པ་དང་ལས་འགན་དང་འགན་འཁྲི་འཁུར་སེམས་ལྷུག་པོར་བརྗོད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་རེ་སྒུག་བཟང་པོ་མཚོན་པར་བྱས་ཡོད།
         ཆུ་ཚོད་11པའི་ཐོག་ཧྲན་ཤིས་ཀྱི་འཐུས་མི་ཚོགས་པ་ཞུགས་པའི་མྱུར་བགྲོད་མེ་འཁོར་བབས་ཚུགས་སུ་དལ་གྱིས་བཀག་པས། པེ་ཅིང་གི་བབས་ཚུགས་ནུབ་མས་པེ་ཅིང་དུ་འབྱོར་ཐོ་འགོད་པར་ཡོང་མཁན་གྱི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཐོག་མ་དེ་བསུས་ཡོད། བླ་ན་མེད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བའི་ཐད་ཀྲུང་པེ་སློབ་ཆེན་གློག་རྡུལ་ཚོད་ལྟའི་ལག་རྩལ་རྒྱལ་སྲུང་ཚན་རྩལ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་འཐུས་མི་ཞུའེ་ཁྲེན་དབྱང་གིས་ངོས་འཛིན་གསལ་པོའི་སྒོ་ནས“ཚོགས་ཆེན་བཅུ་དགུ་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ངས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། གྲོས་བསྡུར་ཡག་པོ། བརྒྱུད་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ནས་ཚད་མཐོའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཐོག་ནས་རང་འགན་ནན་པོ་སྒྲུབ་སྟེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་ས་གནས་མཐོ་སློབ་ཀྱི་གསར་གཏོད་ནུས་པ་མཐོ་རུ་གཏོང་བ་དང་མི་དམངས་བློ་ཡིད་ཚིམ་པའི་མཐོ་རིམ་སློབ་གསོ་ཡག་པོ་གཉེར་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།
         “རང་འགན་གཙང་སྒྲུབ་དང་འགན་འཁྲིར་ངོ་གནོང་མི་དགོས་པ་ཞིག་བྱེད་པར་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག མིག་ལྟོས་ཐུབ་པ། སྒྲིག་ལམ་སྲུང་ཐུབ་པ་བཅས་མཐའ་གཅིག་ཏུ་བྱས་ཏེ་དངོས་ཐོག་བདེན་འཚོལ་གྱིས་གཞི་རིམ་གྱི་དོན་དངོས་དང་ལས་བྱེད་མང་ཚོགས་ཀྱི་གྲོས་འགོ་བཏོན་པ་ཞུས་ཏེ་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་ཐབས་དང་ཇུས་འདོན་པ་དང་ཚོགས་ཆེན་ཡག་པོ་འཚོག་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ལེའོ་ཉིང་ཞིང་ཆེན་མི་སྤྱི་ཐིང་གི་ཐིང་ཀྲང་དབྱང་ཀྲུང་ལིན་གྱིས་བཤད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་15དང་16ཉིན་རྒྱལ་ཡོངས་ས་གནས་ཁག་གི་འཐུས་མི་གཅིག་རྗེས་གཉིས་མཐུད་ངང་པེ་ཅིང་དུ་འབྱོར་བ་དང་། ཚེས་15ཉིན་གྱི་ཆུ་ཚོད་20བར་འཐུས་མི་ཚོགས་པ་བཅུ་ལྷག་ཙམ་གྱི་འཐུས་མི་པེ་ཅིང་དུ་འབྱོར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།