འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཐེངས་252འཕེན་
    གཏོང་ལེགས་གྲུབ་ཟིན་པ།

    རང་རྒྱལ་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་རྒྱུར་ནུས་པ་ཆེན་པོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་11ཉིན། སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རབ་དང་རིམ་པའི་སྤྱི་ཁྱབ་ཇུས་འགོད་པ་ཀྲུང་གོ་བཟོ་བཀོད་ཁང་གི་ཡོའན་ཧྲི་ལུང་གཡོད་ཧའོ་ཡིས་པེ་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་དུ་རང་རྒྱལ་གྱི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ད་བར་ཐེངས་252འཕངས་པ་དེས་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་344སྔོན་གཏན་འཁེལ་བའི་འཁོར་ལམ་དུ་བསྐྱལ་བ་དེར་ཉེར་སྤྱོད་ཀྱི་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་སྣ་ཚོགས་བར་སྣང་གི་འཁོར་ལམ་དུ་སྐྱེལ་བའི་ནུས་པ་ལྡན་ཡོད་ཅེས་བརྗོད།
         ཡོའན་ཧྲི་ལུང་གཡོད་ཧའོ་ཡིས་2017ལོའི་འཛམ་གླིང་གི་བར་སྣང་རེས་འཁོར་དུས་སུ་འཚོགས་པའི་ཚན་རིག་ཁྱབ་གདལ་གྱི་སྙན་ཞུའི་ཚོགས་འདུའི་ཐོག་འབྲེལ་ཡོད་ཆ་འཕྲིན་ངོ་སྤྲོད་བྱས་པ་རེད། སྙན་ཞུའི་ཚོགས་འདུ་དེ་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་སློབ་ཚོགས་ཀྱིས་སྒྲུབ་འགན་འཁུར་བ། པེ་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱིས་གཞོགས་འདེགས་བྱས་པ་ཞིག་རེད།
         1970ལོར་རྒྱང་སྐྱོད་རྟགས་ཅན་ཨང་དང་པོའི་མེ་ཤུགས་འཕུར་མདའ“ཤར་ཕྱོགས་དམར་རྟགས་ཅན་ཨང་དང་པོའི”སྲུང་སྐར་གྱིས་བར་སྣང་དུ་འཕངས་པ་ནས་བཟུང་ཀྲུང་གོའི་བར་སྣང་གི་བྱེད་སྒོ་ཁག་སྤེལ་འགོ་ཚུགས་པ་དང་ཀྲུང་གོའི་རྒྱང་སྐྱོད་རྟགས་ཅན་གྱི་མེ་ཤུགས་འཕུར་མདའི་འཕེལ་རྒྱས་ཀྱང་མགྱོགས་པོ་བྱུང་ཡོད་པ་རེད།
         ལུང་གཡོད་ཧའོ་ཡིས་1985ལོར་རང་རྒྱལ་གྱིས་རྒྱང་སྐྱོད་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་རྒྱལ་སྤྱིའི་ཚོང་ལས་འཕེན་གཏོང་ཁྲོམ་རར་ཞུགས་པ་དང་སྔོན་ལ་ཞུགས་མཁན་ནི་རྒྱང་སྐྱོད་རྟགས་ཅན་ཨང་གསུམ་པ་ཡིན་པ་དང་ཤུགས་འདོན་མཁན་གཙོ་བོ་ནི་རྒྱང་སྐྱོད་རྟགས་ཅན་གྱི་ཀ་པ་རིམ་པ་གསུམ་པའི་མ་ལག་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། “1990ལོའི་ཟླ་4པར་ཨེ་ཤེ་ཡ་རྟགས་ཅན་ཨང་དང་པོ་གྲུབ་འབྲས་ཐོབ་པའི་ངང་འཕངས་པ་ནས་ད་བར་རྒྱལ་སྤྱིའི་ཚོང་ལས་སྲུང་སྐར་ཐེངས་57འཕངས་ནས་རྒྱལ་སྤྱིའི་ཚོང་ལས་འཕེན་གཏོང་ཁྲོམ་རར་གནས་བབ་ངེས་ཅན་ཞིག་བཟུང་ཡོད”ཅེས་ངོ་སྤྲོད་བྱས།
         ཁོར་ཡུག་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་འཕེལ་རྒྱས་དགོས་མཁོ་དང་འཚམ་པ་བྱ་ཆེད། 2006ལོར་རང་རྒྱལ་གྱིས་རྒྱང་སྐྱོད་རྟགས་ཅན་དུག་མེད་ཨང་ལྔ་པ་དང་སྦགས་བཙོག་མེད་པའི་རབས་གསར་པའི་མེ་ཤུགས་འཕུར་མདའ་ཞིབ་བཟོ་བྱེད་འགོ་བཙུགས་པ་དང་ཆབས་ཅིག་རིམ་པས་བཟོ་དབྱིབས་དེ་བས་མང་བའི་མེ་ཤུགས་འཕུར་མདའ་ཞིབ་འཇུག་གསར་སྤེལ་བྱེད་འགོ་བཙུགས་ཡོད། མིག་སྔར་རྒྱང་སྐྱོད་རྟགས་ཅན་ཨང་ལྔ་པ་དང་། རྒྱང་སྐྱོད་རྟགས་ཅན་ཨང་དྲུག་པ། རྒྱང་སྐྱོད་རྟགས་ཅན་ཨང་བདུན་པ་བཅས་ཀྱི་ཐོག་མའི་འཕེན་གཏོང་ལམ་ལྷོངས་བྱུང་ཡོད། རབས་གསར་པའི་མེ་ཤུགས་འཕུར་མདར་རམ་འདེགས་བྱ་ཆེད་གསར་དུ་བསྐྲུན་པའི་ཐེན་ཅིང་མེ་ཤུགས་འཕུར་མདའ་ཐོན་སྐྱེད་རྟེན་གཞི་དང་དེ་བཞིན་ཝུན་ཁྲང་འཕེན་གཏོང་བྱ་ཡུལ་སྔ་རྗེས་སུ་སྤྱོད་འགོ་བཙུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།