འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།《མཁོ་སྤྲོད་ཀྱི་སྦྲེལ་ཐག་གསར་གཏོད་དང་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་
    སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཀྲམ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《མཁོ་སྤྲོད་ཀྱི་སྦྲེལ་ཐག་གསར་གཏོད་དང་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཀྲམ་པ་དང་། (གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)
         《བསམ་འཆར་》ནང་མཁོ་སྤྲོད་ཀྱི་སྦྲེལ་ཐག་ནི་སྤྱོད་མཁན་གྱི་དགོས་མཁོ་སྟོན་ཕྱོགས་སུ་འཛིན་པ་དང་། སྤུས་ཚད་མཐོ་རུ་དང་ལས་ཆོད་ཆེ་རུ་གཏོང་བ་དམིགས་ཡུལ་དུ་འཛིན་པ། ཐོན་ཁུངས་བསྡུ་སྒྲིལ་བྱེད་རྒྱུ་བྱ་ཐབས་སུ་འཛིན་པ་བཅས་བྱས་ནས་ཐོན་རྫས་ཇུས་འགོད་དང་། ཉོ་སྒྲུབ། ཐོན་སྐྱེད། ཕྱིར་ཚོང་། ཞབས་འདེགས་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཕན་ཆེ་མཐུན་སྦྱོར་བྱེད་པའི་རྩ་འཛུགས་ཀྱི་རྣམ་པ་ཞིག་རེད། མཁོ་སྤྲོད་ཀྱི་སྦྲེལ་ཐག་གསར་གཏོད་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་ནི་འདུས་གྲུབ་གསར་གཏོད་དང་མཐུན་སྦྱོར་འཕེལ་རྒྱས་ལ་ཕན་པ་ཡོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་མཁོ་འདོན་དང་དགོས་མཁོ་དོ་སྙོམས་ཡོང་རྒྱུར་ཕན་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག གོ་ལ་ཧྲིལ་པོའི་ཁེ་ཕན་གྱི་འདུས་གྲུབ་དང་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་ཕན་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་སྣེ་ཁྲིད་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་བཅས་རེད་ཅེས་བསྟན་ཡོད།
         《བསམ་འཆར་》ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་གཏིང་ཟབ་བསྟར་ནས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་ལྟེ་བར་འཛིན་པ་དང་། མཁོ་སྤྲོད་ཀྱི་སྦྲེལ་ཐག་དང་དྲ་སྦྲེལ་དང་དངོས་སྦྲེལ་དྲ་རྒྱ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུ་ཐབས་ལམ་དུ་བྱེད་པ། ཆ་འཕྲིན་ཅན་དང་། ཚད་གཞི་ཅན། ཡིད་རྟོན་མ་ལག་བཅས་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱིས་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་འདུ་ཤེས་དང་། ལག་རྩལ་གསར་པ། བྱ་ཐབས་གསར་པ་བཅས་གསར་གཏོད་འཕེལ་རྒྱས་གཏོང་བ་དང་། ཐོན་ཁུངས་དང་གཞི་རྒྱུ་སྣ་ཚོགས་ཕན་ནུས་ཆེ་བའི་ངང་བསྡུ་སྒྲིལ་བྱས་ཏེ་གྲངས་གཞི་ཆེན་པོའི་འདེགས་སྐྱོར་དང་། དྲ་རྒྱ་ཅན་གྱི་མཉམ་སྤྱོད། རིག་ནུས་ཅན་གྱི་རོགས་ལས་བཅས་ཀྱི་རིག་སྟོབས་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་མ་ལག་སྐྲུན་དགོས། 2020ལོར་སླེབས་སྐབས་རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པའི་མཁོ་སྤྲོད་ཀྱི་སྦྲེལ་ཐག་འཕེལ་རྒྱས་ཀྱི་ལག་རྩལ་དང་བྱ་ཐབས་གསར་པ་ཁག་གཅིག་ཆགས་པར་བྱས་ནས་རང་རྒྱལ་གྱི་གཙོ་གནད་ཐོན་ལས་ལ་ཁྱབ་པའི་རིག་སྟོབས་ཀྱི་མཁོ་སྤྲོད་ཀྱི་སྦྲེལ་ཐག་མ་ལག་སྤྱིར་ན་ཆགས་པར་བྱེད་པ་དང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་སྔོན་ཐོན་ཁེ་ལས་100ཙམ་སྐྱེད་སྲིང་བྱས་ཏེ་གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཀྱི་སྦྲེལ་ཐག་གསར་གཏོད་དང་བེད་སྤྱོད་ཀྱི་ལྟེ་གནས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
         《བསམ་འཆར་》ནང་དངོས་ཚན་དཔལ་འབྱོར་དར་རྒྱས་གཏོང་བར་དམིགས་ནས་གཙོ་གནད་ལས་འགན་ཁག་དྲུག་བཏོན་ཡོད་པ་སྟེ། གཅིག་ནི་ཞིང་ལས་ཀྱི་མཁོ་སྤྲོད་ཀྱི་སྦྲེལ་ཐག་མ་ལག་བསྐྲུན་ནས་ཞིང་ལས་ཐོན་སྐྱེད་རྩ་འཛུགས་ཅན་དང་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་མཁོ་སྤྲོད་ཀྱི་སྦྲེལ་ཐག་ལ་གཞིགས་པའི་ཐོན་རྫས་གལ་ཆེན་གྱི་སྤུས་ཚད་བདེ་འཇགས་ཁུངས་འདེད་ལམ་སྲོལ་བཙུགས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནི་མཁོ་སྤྲོད་ཀྱི་སྦྲེལ་ཐག་མཐུན་སྦྱོར་བཟོ་སྐྲུན་ལ་སྐུལ་འདེད་བཏང་ནས་ཞབས་འདེགས་རྣམ་པའི་བཟོ་སྐྲུན་འཕེལ་རྒྱས་བཏང་སྟེ་བཟོ་སྐྲུན་མཁོ་སྤྲོད་ཀྱི་སྦྲེལ་ཐག་མཐོང་རུང་ཅན་དང་རིག་ནུས་ཅན་ལ་སྐུལ་འདེད་གཏོང་རྒྱུ། གསུམ་ནི་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་འདུ་ཤེས་དང་ལག་རྩལ་སྤྱད་ནས་འཁོར་རྒྱུག་དང་ཐོན་སྐྱེད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་འཁོར་རྒྱུག་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། བཞི་ནི་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་དངུལ་རྩའི་ཞབས་འདེགས་ཀྱི་དངོས་ཚན་དཔལ་འབྱོར་ལ་སྐུལ་འདེད་བཏང་ནས་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་དངུལ་རྩའི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱས་ཏེ་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་དངུལ་རྩ་ཧུར་བརྩོན་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུ། ལྔ་ནི་ལྗང་མདོག་བཟོ་སྐྲུན་དར་སྤེལ་ཤུགས་ཆེན་བཏང་ནས་ལྗང་མདོག་འཁོར་རྒྱུག་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཟློག་ཕྱོགས་ཟོག་འགྲེམས་མ་ལག་བསྐྲུན་ཏེ་བརྒྱུད་རིམ་ཧྲིལ་པོ་དང་། སྦྲེལ་ཐག་ཧྲིལ་པོ། ལྷུ་ཚིགས་ཧྲིལ་པོ་བཅས་ཀྱི་ལྗང་མདོག་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་འཕེལ་རྒྱས་མ་ལག་སྐྲུན་རྒྱུ། དྲུག་ནི་གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཀྱི་སྦྲེལ་ཐག་དྲ་རྒྱར་ཧུར་ཐག་ཞུགས་ནས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བ་དང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་སྒྲིག་སྲོལ་བཟོ་བར་ཞུགས་ཏེ་གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཀྱི་སྦྲེལ་ཐག་ཧུར་ཐག་གཏོད་རྒྱུ་བཅས་རེད།
         《བསམ་འཆར་》ནང་མིག་སྔའི་རང་རྒྱལ་གྱི་མཁོ་སྤྲོད་ཀྱི་སྦྲེལ་ཐག་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་། ཤེས་ལྡན་མི་སྣ་དཀོན་པ། བཅོས་སྐྱོང་ལམ་སྲོལ་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཕྱོགས་དྲུག་ཐད་ཀྱི་འགན་ལེན་བྱ་ཐབས་བཏོན་ཡོད་པ་སྟེ། གཅིག་ནི་མཁོ་སྤྲོད་ཀྱི་སྦྲེལ་ཐག་གསར་གཏོད་དང་བེད་སྤྱོད་ཀྱི་སྲིད་ཇུས་ཁོར་ཡུག་བཟང་པོ་གཏོད་རྒྱུ་དང་། གཉིས་ནི་མཁོ་སྤྲོད་ཀྱི་སྦྲེལ་ཐག་གསར་གཏོད་བེད་སྤྱོད་ཀྱི་ཚོད་ལྟ་དཔེ་སྟོན་ཧུར་ཐག་བྱེད་རྒྱུ། གསུམ་ནི་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་ཡིད་རྟོན་དང་ལྟ་སྐུལ་དོ་དམ་ཞབས་འདེགས་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ། བཞི་ནི་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་ཚད་གཞིའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། ལྔ་ནི་རིམ་པ་མང་བའི་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུ། དྲུག་ནི་མཁོ་སྤྲོད་ཀྱི་སྦྲེལ་ཐག་ལས་རིགས་ཀྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།