འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་དུས་
    མཚུངས་ལས་38.1%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་13ཉིན། ཚོང་དོན་པུའི་ཁོངས་གཏོགས་ཀྱི་ཀྲུང་གོ་རྒྱལ་སྤྱིའི་གློག་རྡུལ་ཚོང་དོན་ལྟེ་གནས་ཀྱིས་བཀྲམ་པའི་《ཀྲུང་གོའི་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི་སྙན་ཞུ(2016ལོ—2017ལོ)》ལས་མངོན་པར་གཞིགས་ན། 2017ལོའི་ལོ་སྟོད་དུ་རང་རྒྱལ་གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་5376.2ཟིན་ནས་ན་ནིང་གི་དུས་མཚུངས་ལས་38.1%འཕར་བ་དང་། དེ་ནི་གྲོང་ཁྱེར་གྱི་གྲངས་འབོར་ལས་བརྒྱ་ཆའི་གྲངས་4.9ལས་མཐོ་བ་དང་རྒྱལ་ཡོངས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་གྲངས་ཀྱི་17.3%བཟུང་ཡོད། 2017ལོའི་ཟླ་8པའི་བར་དུ་གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་7290ཟིན་ནས་དུས་མཚུངས་ལས་38.1%འཕར་ཡོད་པ་རེད།
         སྙན་ཞུ་ལས་མངོན་པར་གཞིགས་ན། རང་རྒྱལ་གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་གཞི་ཁྱོན་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། 2017ལོའི་ལོ་སྟོད་དུ་གྲོང་གསེབ་ཀྱི་དངོས་པོའི་རིགས་དྲ་ཐོག་ཏུ་སིལ་ཚོང་བྱེད་ཚད་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་3286.4ཟིན་ནས་དུས་མཚུངས་ལས་34.3%འཕར་ཡོད། དེའི་ནང་ཞིང་ལས་ཐོན་རྫས་ཕལ་ཆེ་བ་དང་དེ་བཞིན་ལས་སྣོན་ཞིབ་ཚགས་བྱས་པའི་བཟའ་བཅའི་བདེ་སྲུང་རིགས་ཀྱི་ལས་རིགས་ལ་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་420.8བྱུང་ནས་དུས་མཚུངས་ལས་62%འཕར་ཏེ་རྒྱལ་ཡོངས་ཀྱི་ལས་རིགས་དེའི་འཕར་ཚད་ལས་བརྒྱ་ཆའི་གྲངས་20.2ལས་མཐོ་བ་དང་། གྲོང་གསེབ་ཀྱི་དངོས་པོའི་རིགས་དྲ་ཐོག་སིལ་ཚོང་གྲངས་འབོར་ལས་བརྒྱ་ཆའི་གྲངས་27.7ཡིས་མཐོ་ཞིང་། གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་བརྒྱ་ཆའི་གྲངས་4.1འཕར་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
         གཞན་ཡང་། རྣམ་པ་མཛེས་བཟོ་དང་། དཔེ་དེབ་དང་སྒྲ་བརྙན། ཕྱི་རོལ་ལུས་རྩལ་བཅས་ལས་རིགས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་འཕར་ཚད་50%ཡན་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཡོངས་ཀྱི་དོ་མཉམ་ལས་རིགས་དག་གི་འཕར་ཚད་ལས་སོ་སོར་བརྒྱ་ཆའི་གྲངས་83.5དང་། 65.5 36.3གྱིས་མཐོ་བ་དང་། མ་བུའི་མཁོ་ཆས་དང་། 3Cགྲངས་འཛིན་འཕར་ཚད་ཀྱང་ཆེས་ཆེར་འཕར་ཞིང་། དུས་མཚུངས་ལས་འཕར་ཚད་40%ཡན་རྒྱུན་འཁྱོངས་ཐུབ་ཡོད།
        2017ལོའི་ལོ་སྟོད་དུ་གྲོང་གསེབ་ཀྱི་ཞབས་འདེགས་རྣམ་པའི་དྲ་རྒྱའི་སིལ་ཚོང་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་2089.8ཟིན་ནས་དུས་མཚུངས་ལས་44.4%འཕར་ཏེ་དངོས་པོའི་རིགས་ཀྱི་དྲ་རྒྱའི་སིལ་ཚོང་འཕར་ཚད་ལས་བརྒྱ་ཆའི་གྲངས་10.1ལས་མཐོ་བ་དང་། གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་གྲངས་བསྡོམས་འབོར་ནང་ཞབས་འདེགས་རྣམ་པའི་ཐོན་རྫས་ཀྱིས་བསྡུར་ཚད་བཟུང་ཚད་38.9%ཟིན་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.7འཕར་བ་རེད། ཞབས་འདེགས་རྣམ་པའི་ལས་རིགས་ནང་དྲ་འཕྲིན་སྤྱད་དེ་ཡུལ་སྐོར་དང་། སྤྲོ་གསེང་རོལ་རྩེད། དྲ་ཐོག་ཏུ་ཟ་འཐུང་མངགས་ཉོ་བཅས་ཀྱིས་ཞབས་འདེགས་རྣམ་པའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་ནས་དུས་མཚུངས་ལས་འཕར་ཚད་སོ་སོར་61.6%དང་། 58.3% 56.6%བཅས་ཁག་ཟིན་པ་དང་། དེའི་ནང་དྲ་ཐོག་ཡུལ་སྐོར་དུས་མཚུངས་ལས་འཕར་ཚད་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་23.4མཐོ་བ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།