འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྐོར་སྐྱོད"ཏང་གི་སློབ་ཚན་ཆུང་གྲས"གཉེར་ནས་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ལ་ཉེ་བའི་སྐབས་སུ་ཧོ་པེ་ཞིང་ཆེན་ཀུའུ་ཨན་རྫོང་གིས་ཏང་ཡོན་དང་བླངས་པ་30སྒྲིག་འཛུགས་བྱས་ནས་ཡན་ལག་རུ་ཁག་18ལ་བགོས་ཏེ་ཤང་དང་གྲོང་རྡལ་དང་། གླིང་ཁུལ། གྲོང་ཁུལ་གྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་སུ་གཞི་རིམ་གྱི“ཏང་གི་སློབ་ཚན་ཆུང་གྲས”འཚོགས་ནས་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ་གཙོ་བོ་སའེ་ཧན་པའི་སྙིང་སྟོབས་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”སོགས་ཐད་ཀྱི་ནང་དོན་ལ་དམིགས་ནས་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པས་རང་ངོས་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་ཐུབ་པ་དང་། སའེ་ཧན་པའི་སྙིང་སྙོབས་དར་སྤེལ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བཅས་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།