འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་དཔེ་མཚོན་གནད་
    དོན་ཁག་5བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་པ་ཐུབ་རྒྱུར་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་ལྔ་ཡོངས་བསྒྲགས་སུ་བརྡ་ཁྱབ་བཏང་བ་རེད།
          2012ལོ་ནས་2016ལོ་བར། ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་ཁྲང་ཉིང་གྲོང་རྡལ་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་སྦྱིན་བདག་གི་རླངས་འཁོར་སྒྲིག་འགལ་ངང་གཡར་ནས་ཚན་པའི་གཞུང་དོན་སྒྲུབ་བྱེད་དུ་སྤྱད་དེ་དུས་ཡུན་ལོ་4ལྷག་ཙམ་ཕྱིན་ཡོད་པ་རེད། 2015ལོའི་ཟླ་4པར་ཁྲང་ཉིང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡུས་ཚང་སོགས་ཀྱིས་ཞབས་འདེགས་ཞུ་ཡུལ་གྱི་གསོལ་སྟོན་སྒྲིག་འགལ་ངང་དང་ལེན་བྱས་པས་2017ལོའི་ཟླ་6པར་ཀྲང་ཡུས་ཚང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་འབྲེལ། གསོལ་སྟོན་ནང་ཞུགས་མཁན་མི་སྣ་གཞན་དག་ལའང་སྐྱོན་བརྗོད་སློབ་གསོ་ཁག་སོ་སོར་བཏང་ཡོད་པ་རེད།
         2013ལོ་ནས་2015ལོ་བར། མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་སྒྲིག་ཁོངས་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲེན་ཡོན་ཀྲུང་གིས་རྩིས་གཉེར་ལི་ཧྲི་ལན་གྱིས་མ་དངུལ་སྒོར་ཁྲི་13.212གཡོ་ལེན་བྱེད་པའི་བཀོད་སྒྲིག་བྱས་ནས་སྣེ་ལེན་གྲོན་དངུལ་དང་གནས་སྐབས་གདན་ཞུའི་མི་སྣའི་གླ་ཆ་སོགས་སྤྲོད་རྒྱུར་སྤྱད་ཡོད་པ་རེད། 2013ལོའི་ཟླ་8པར་ཁྲེན་ཡོན་ཀྲུང་གིས་གྲོང་ཚོའི་ལས་བྱེད་པ་7དང་མཉམ་དུ་རྟོག་ཞིབ་སློབ་སྦྱོང་བྱེད་རིང་རྣམ་པ་སྒྱུར་བའི་སྒོ་ནས་གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱས་ཡོད་པ་རེད། 2017ལོའི་ཟླ་6པར་ཁྲེན་ཡོན་ཀྲུང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོའི་ཆད་པ་ཕོག་པ་དང་། རྫོང་སྒྲིག་ཁོངས་གཞུང་ལས་ཁང་གི་ནོར་དོན་མི་སྣ་ལི་ཧྲི་ལན་ལ་ཁ་ཏ་སློབ་གསོའི་གླེང་མོལ་བྱས་ཡོད་པ་རེད།
         2014ལོ་ནས་2015ལོ་བར་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྩྭ་ཐང་ལས་དོན་ས་ཚིགས་ཀྱི་དེ་སྔའི་ཀྲེན་ཀྲང་ཡན་ཧྲེང་ལིན་གྱིས“དངུལ་སྦས་ཁུང”ལྐོག་ཏུ་བཙུགས་ནས་ཟ་འཐུང་དང་། ལག་རྟགས་སྐྱེལ་བ། ཡུལ་སྐོར་བཅས་དང་དེ་བཞིན་ལས་བཟོའི་ཕན་བདེའི་དངུལ་སྤྲོད་པ་བཅས་ལ་ཁྱོན་སྒོར་ཁྲི་16.33བཏང་ཡོད། 2016ལོའི་ཟླ་12པར་ཡན་ཧྲེང་ལིན་གྱི་ཀྲོའུ་རྩྭ་ཐང་ལས་དོན་ས་ཚིགས་ཀྱི་ཀྲེན་ཀྲང་གི་གོ་གནས་གནས་དབྱུང་བཏང་བ་རེད། 2017ལོའི་ཟླ་7པར་ཡན་ཧྲེང་ལིན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་དང་གོ་གནས་གཅོག་པ་སོགས་ཀྱི་ཆད་པ་ཕོག་ཡོད་པ་རེད།
         2015ལོའི་ཟླ་4པ་དང་2016ལོའི་ཟླ་9པར་མཚོ་ཤར་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཀྲང་ཅུན་ཡུང་གིས་སྔ་རྗེས་སུ་སྒྲིག་འགལ་ངང་གཉེན་སྒྲིག་དང་། དུར་འཇུག རྟེན་འབྲེལ་བཅས་བྱས་ནས་འབུལ་རྟེན་དངུལ་སྒོར་ཁྲི་3.07བླངས་ཡོད་པ་མ་ཟད། ད་དུང་བླང་བྱ་ལྟར་སྒྲིག་བཤེར་ཨུ་ལྷན་དང་རྩ་འཛུགས་སྡེ་ཚན་ལ་སྙན་ཐོ་བཀོད་མེད་པ་རེད། 2017ལོའི་ཟླ་7པར་ཀྲང་ཅུན་ཡུང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་ནས་སྒྲིག་འགལ་ངང་བླངས་པའི་འབུལ་རྟེན་དབུལ་དངུལ་ཕྱིར་སློག་དགོས་པའི་བཀའ་བཏང་བ་རེད། སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཡུང་ཤུས་དང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲའོ་ཆི་ཅུན་ལ་ཁག་སོ་སོར་ཁ་ཏ་སློབ་གསོའི་གླེང་མོལ་བྱས་ཡོད་པ་རེད།
        2016ལོའི་ཟླ་3པར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་འཁྲབ་གཏོང་ཚོམས་ཆེན་དང་ཁམས་སྐད་སྒྱུར་བཟོ་ལྟེ་གནས་ཀྱི་མཛེས་བཟོ་བཟོ་བཅོས་ལས་གྲྭའི་རྣམ་གྲངས་ལག་ལེན་བསྟར་སྐབས་ཀྲོའུ་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་དོན་གྲུབ་ཚེ་རིང་དང་། ཀྲོའུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་དེ་སྔའི་ཐའེ་ཀྲང་ངག་དབང་དབང་གྲགས་གཉིས་ཀྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་ནས་མི་གཞན་ལ་རྣམ་གྲངས་དེ་སྐྲུན་འགན་འཁུར་རྒྱུར་ལྟ་རྟོག་བྱས་ཏེ་ལག་རྟགས་དང་འབུལ་རྟེན་དངུལ་བླངས་པ་དང་འབྲེལ་གསོལ་སྟོན་དང་ལེན་བྱས་པ་རེད། 2017ལོའི་ཟླ་8པར་དོན་གྲུབ་ཚེ་རིང་དང་ངག་དབང་དབང་གྲགས་གཉིས་ལ་ཏང་གི་སྐྱིད་སྡུག་ནས་འཕུད་པ་དང་སྲིད་འཛིན་གོ་གནས་གཅོག་པའི་ཆད་པ་ཕོག་ཡོད། དེ་དང་ཆབས་ཅིག་སྒྲིག་འགལ་མ་དངུལ་རྣམས་གཞུང་བཞེས་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།