འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་གོ་ལ་ཧྲིལ་པོ་རྣམ་པའི་སྐྱེ་དངོས་ཕྲ་རབ་ཀྱི་གཞི་རྐྱེན་གྲུབ་ཆ་དང་སྐྱེ་དངོས་ཕྲ་རབ་
    ཀྱི་གྲུབ་ཆའི་ཚད་འཇལ་གོ་རིམ་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན་པེ་ཅིང་དུ་འཚོགས་པའི“སྐབས་བདུན་པའི་འཛམ་གླིང་སྐྱེ་དངོས་ཕྲ་རབ་གྲངས་གཞིའི་ལྟེ་གནས་རིག་གཞུང་བགྲོ་གླེང་ཚོགས་འདུའི”ཐོག་འཛམ་གླིང་སྐྱེ་དངོས་ཕྲ་རབ་ཀྱི་གྲངས་གཞིའི་ལྟེ་གནས་(WDCM)དང་ཀྲུང་གོ་ཚན་རིག་ཁང་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་སུའོ་ཡིས་སྣེ་ཁྲིད་པ་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་12ཀྱི་སྐྱེ་དངོས་ཕྲ་རབ་ཐོན་ཁུངས་ཉར་ཚགས་ལྟེ་གནས་དང་མཉམ་དུ་སྤེལ་བའི་གོ་ལ་ཧྲིལ་པོའི་སྐྱེ་དངོས་ཕྲ་རབ་དཔེ་དབྱིབས་འབུ་ཕྲའི་གཞི་རྐྱེན་གྲུབ་ཆ་དང་སྐྱེ་དངོས་ཕྲ་རབ་གྲུབ་ཆའི་ཚད་འཇལ་གོ་རིམ་འཆར་གཞི་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད།
          འཛམ་གླིང་སྐྱེ་དངོས་ཕྲ་རབ་གཞི་གྲངས་ལྟེ་གནས་ཀྱི་(WDCM)ཀྲུའུ་རེན་དང་ཀྲུང་གོ་ཚན་རིག་ཁང་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་སུའོ་ཡི་སྐྱེ་དངོས་ཕྲ་རབ་ཐོན་ཁུངས་དང་གཞི་གྲངས་ཆེ་མོའི་ལྟེ་གནས་ཀྱི་ཀྲུའུ་རེན་མ་ཅུན་ཚའེ་ཡིས་འཆར་གཞི་དེ་ལག་བསྟར་བྱས་རྗེས་སྐྱེ་དངོས་ཕྲ་རབ་ཀྱི་གྲུབ་ཆ་དང་མིའི་གཟུགས་པོ་དང་། སྐྱེ་དངོས། ཁོར་ཡུག་སོགས་སྣོད་བཅུད་མ་ལག་དབར་གྱི་ནུས་པར་ཞིབ་འཇུག་ཐུབ་རྒྱུ་མ་ཟད། སྐྱེ་དངོས་ཕྲ་རབ་ཀྱི་གྲུབ་ཆ་དང་མིའི་ལུས་ཁམས་བདེ་ཐང་དང་། ཞིང་ལས་ཐོན་སྐྱེད། ཁོར་ཡུག་སོགས་ཀྱི་དངོས་པོ་དང་ཆ་འཕྲིན་སྤེལ་རེས་ལམ་སྲོལ་ཤེས་རྟོགས་ཐུབ་རྒྱུ་དང་འབྲེལ་རང་རྒྱལ་མི་འབོར་གྱི་བདེ་ཐང་དང་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་དང་དེ་བཞིན་བཟོ་ཞིང་ལས་རིགས་ཀྱི་ཐོན་སྐྱེད་ནང་ལྷག་པའི་གནད་དོན་ཐག་གཅོད་བྱ་རྒྱུར་འདུ་ཤེས་གསར་པ་དང་རྩ་སློག་རང་བཞིན་གྱི་ལག་རྩལ་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།