འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་ས་གཙང་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་དཀར་མཛེས་དང་བདེ་ཆེན་ཀྲོའུ་རུ་བསྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ལྷ་ས་ས་གཙང་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་སི་ཁྲོན་དཀར་མཛེས་དང་ཡུན་ནན་བདེ་ཆེན་དུ་ལུས་རྩལ་གྱི་སྤྱི་ཕན་བྱེད་སྒོ་སྤེལ་བར་བསྐྱོད་ཅིང་། དུས་ཡུན་ཉིན་བཅུ་ལྷག་ཙམ་རིང་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་སྔ་རྗེས་སུ་ལི་ཐང་རྫོང་དང་། ཆ་ཕྲེང་རྫོང་། སྡེ་རོང་རྫོང་། སེམས་ཀྱི་ཉི་ཟླ་སོགས་སུ་བསྐྱོད་དེ་ཡུལ་དེའི་མང་ཚོགས་དང་སློབ་མ་དང་ལན་ཆིའུ་སྤོ་ལོ་སྤེལ་རེས་དང་ལན་ཆིའུ་སྤོ་ལོའི་རྗེས་གྲབས་འཇོན་ཐང་ཅན་གྱི་འབྲེལ་གཏུགས་ས་ཚིགས་ལ་སྒོ་བྱང་འགེལ་བ་སོགས་ཀྱི་སྤྱི་ཕན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
          བྱེད་སྒོ་སྤེལ་རིང་ལྷ་ས་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་ལི་ཐང་རྫོང་སློབ་འབྲིང་གི་ལན་ཆིའུ་སྤོ་ལོ་རྒྱག་ཐང་དུ་སྤེལ་རེས་འགྲན་བསྡུར་བྱས་ཤིང་། ས་གཙང་རུ་ཁག་གི་རུ་མི་དང་ཡུལ་དེའི་མང་ཚོགས་ཚོས་ཚོར་འཁྲུག་ཆ་དོད་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱས་པ་དང་འགྲན་བསྡུར་མཇུག་འགྲིལ་རྗེས་ཡུལ་དེར་ལན་ཆིའུ་སྤོ་ལོ་སོགས་ལུས་རྩལ་མཁོ་ཆས་ཞལ་འདེབས་བརྒྱབ་པ་རེད།
         དེ་རྗེས་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་དཀར་མཛེས་སུ་བསྐྱོད་དེ་ཡུལ་དེའི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་ལོན་པར་བྱས་པ་དང་ཆབས་ཅིག རྫོང་སློབ་འབྲིང་དང་ལན་ཆིའུ་སྤོ་ལོའི་རྗེས་གྲབས་འཇོན་ཐང་ཅན་གྱི་འབྲེལ་གཏུགས་ས་ཚིགས་ལ་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། མཛད་སྒོ་མཇུག་འགྲིལ་རྗེས་རུ་མི་ཚོས་སློབ་གྲྭའི་དགེ་སློབ་དང་སྤེལ་རེས་བྱས་པ་དང་འབྲེལ་སློབ་གྲྭའི་ལན་ཆིའུ་སྤོ་ལོའི་རུ་ཁག་ལ་རྩལ་ཁྲིད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།