འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རི་མོ་ལྟར་མཛེས་པའི་གྲོང་ཚོས་གཙང་སྦྲ་ལེགས་པར་བྱས་ནས་ཚོགས་ཆེན་ལ་བསུ་བ་ཞུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རི་མོ་ལྟར་མཛེས་པའི་གྲོང་ཚོས་གཙང་སྦྲ་ལེགས་པར་བྱས་ནས་ཚོགས་ཆེན་ལ་བསུ་བ་ཞུ་བ།
           མི་དམངས་དྲ་བའི་འཕྲིན། ཤིང་སྒོ་གྲོང་ཚོ་ནི་ལྷོ་ངོས་ནས་བྱང་ཕྱོགས་སུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ས་ཁོངས་འཛུལ་རྗེས་ཀྱི་གྲོང་ཚོ་དང་པོ་དེ་རེད། གྲོང་ཚོ་ཡོངས་སུ་དུད་ཚང་300ལྷག་ཙམ་ཡོད་པའི་ནང་བོད་རིགས་ཀྱིས་80%ཟིན་པ་དང་ཧུད་རིགས་དང་རྒྱ་རིགས་ཀྱིས་20%ཟིན་གྱི་ཡོད། གྲོང་ཚོ་འདི་ཉིད་རི་འདབས་སུ་ཆགས་པ་དང་རི་གཤམ་དུ་གྲོང་ཚོ་ཨུ་ལྷན་གྱི་གཞུང་ལས་ཐོག་ཁང་དང་གྲོང་ཚོའི་ཐང་ཆེན་ཡིན་པ་དང་དེ་ནས་དེའི་ཐོད་དུ་རིམ་པས་བཞིན་མང་ཚོགས་ཀྱི་སྡོད་ཁང་ཆགས་ཡོད། ཡངས་ཤིང་རྒྱ་ཆེ་བའི་གྲོང་ཚོའི་འགྲོ་ལམ་གྲོང་མིའི་སྒོ་རྩར་ཤར་གཏོང་ཐུབ་པ་མ་ཟད། གུག་ཆ་ཆེ་ཤོས་སུ་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་བྲག་རྡོ་སྒྲིག་གཤོམ་བྱས་པ་དང་གཡས་གཡོན་དུ་ཆེད་མངགས་བཟོ་ལྟ་བཟོས་པའི་རྒྱ་ལྕང་ཡོད།
            ཤིང་སྒོ་གྲོང་ཚོ་འདི་ཉིད་ལོ་འགའ་ཞིག་གི་གོང་དུ་མི་རིགས་འདུས་སྡོད་མང་བའི་གྲོང་ཚོ་དབུལ་པོ་ཞིག་ཡིན་ལ། མི་ཕྱུགས་འཚོ་གནས་མཉམ་འདྲེས་དང་། ཁང་པ་གོག་ཧྲུལ། གང་སར་བཙོག་ཟིང་གིས་ཁེངས་པ། དབུལ་པོ་ཐོན་ཚད་30%ལྷག་ཙམ་ཟིན་གྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྲོང་ཚོ་གསར་པ་འཛུགས་སྐྲུན་དང་གནད་སྨིན་དབུལ་སྐྱོར་སོགས་སྲིད་ཇུས་མང་དག་ཅིག་གྲོང་ཚོ་འདིར་ལག་ལེན་བསྟར་བ་རེད། 2015ལོ་ནས་བཟུང་ཀན་ལྷོ་ཀྲོའུ་ཡིས་བོད་རིགས་ས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ལ་འགྱུར་ལྡོག་གཏོང་རྒྱུ་ནས་འགོ་བཙུགས་ཏེ་མང་ཚོགས་ཀྱི་སྲོལ་རྒྱུན་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་བ་བཏང་བ་མ་ཟད། སྣོད་བཅུད་ཤེས་དཔལ་ལྡན་པའི་འབྱོར་འབྲིང་གྲོང་ཚོའི་རྒྱུན་མཐུད་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པ་རེད། ས་གནས་དེ་གའི་སྲིད་གཞུང་གིས་ལོ་ལྟར་གྲོང་གསེབ་ཡུལ་སྐོར་དང་འཚམ་པའི་གྲོང་ཚོ་60ཡུལ་སྐོར་ཆེད་ལས་གྲོང་ཚོར་འཕེལ་རྒྱས་གཏོང་རྒྱུར་བདམས་ཏེ་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཚད་གཞི་གཞིར་བཟུང་བསྐྲུན་ཡོད། ཤིང་སྒོ་གྲོང་ཚོ་དེ་ཡང་ཁག་དང་པོའི་གྲས་ཤིག་རེད།
           ཀྲུང་དབྱང་དང་ས་གནས་སྲིད་གཞུང་གིས་2015ལོར་ཤིང་སྒོ་གྲོང་ཚོར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་སྟེ་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བཏང་ཡོད། ཤིང་སྒོ་གྲོང་ཚོས་ཀྱང་གྲོང་ཚོ་རིམ་པའི་མཉམ་སྡེབ་ཡུལ་སྐོར་ལས་སྒོ་སྤེལ་ནས་ལོ་དེ་གར་ཡུལ་སྐོར་བ་ཁྲི་གཅིག་ཙམ་ལ་སྣེ་ལེན་ཞུས་པས། གྲོང་མིས་ཕྱུགས་འཚོ་བ་དང་རྩྭ་ཐང་སྣོད་བཅུད་ཁོ་ན་སྲུང་བའི་རྣམ་པ་ལས་གྲོལ་བ་མ་ཟད། གྲོང་ཚོའི་ནང་ཆང་བསྙོལ་བའི་ལས་སྒོར་སྣེ་ཁྲིད་བྱས་ནས་གྲོང་མིའི་ཡོང་འབབ་དེ་སྔ་ལས་ལྡབ་གཅིག་ལྷག་ཙམ་འཕར་བ་རེད།
    ༄༅།།རི་མོ་ལྟར་མཛེས་པའི་གྲོང་ཚོས་གཙང་སྦྲ་ལེགས་པར་བྱས་ནས་ཚོགས་ཆེན་ལ་བསུ་བ་ཞུ་བ།
      

    ཕྱོགས་བསྡུས་གསར་འགྱུར།