འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་ཀུ་ཤུ་ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན། ཀྲུང་གོ་ཧྲའན་ཤིས་(ལུའོ་ཁྲོན)རྒྱལ་སྤྱིའི་ཀུ་ཤུ་དངོས་མང་སྟོན་ཚོགས་སྐབས་བཅུ་པའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱུང་གསལ། ལོ་མང་པོར་འཕེལ་རྒྱས་ཕྱིན་པ་བརྒྱུད། ད་ཆ་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་ཀུ་ཤུ་ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་པ་རེད།
           ཞིང་ལས་པུའི་ཏང་ཙུའི་ཁོངས་མི་པི་མེ་ཅཱས། ཉེ་བའི་ལོ་ཤས་རིང་ཀྲུང་གོས་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བས། ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ཐོན་རྫས་ཀྱི་སྤུས་ཚད་དང་གྲུབ་ཆ་ཡང་མུ་མཐུད་ལེགས་སུ་ཕྱིན་ཏེ་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། མིག་སྔར་ཀྲུང་གོ་འདི་ཉིད་འཛམ་གླིང་གི་ཀུ་ཤུ་ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ནས་འདེབས་འཛུགས་རྒྱ་ཁྱོན་དང་ཐོན་འབབ་བསྡོམས་འབོར་གྱིས་འཛམ་གླིང་ཡོངས་ཀྱི་50%ཡས་མས་ཟིན་ཡོད་པ་དང་། ཀུ་ཤུ་སོས་པ་འཛད་སྤྱོད་བྱེད་ཚད་དང་ལས་སྣོན་བྱས་ནས་འཛད་སྤྱོད་བྱེད་ཚད་རིམ་བཞིན་མང་དུ་ཕྱིན་པ་མ་ཟད་ཀུ་ཤུ་ཕྱིར་གཏོང་བྱེད་ཚད་ཀྱང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ནས། ཀྲུང་གོ་འདི་ཉིད་ཀུ་ཤུ་ཐོན་སྐྱེད་རྒྱལ་ཁབ་ཆེན་པོ་ནས་ཀུ་ཤུ་ཐོན་སྐྱེད་སྟོབས་ཆེའི་རྒྱལ་ཁབ་ཏུ་འགྱུར་བཞིན་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།