འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་2016ལོའི་ཁེ་ལས་ཀྱི་ལས་གནས་བརྟན་གཏོང་གི་ཁ་གསབ་དངུལ་སྒོར་
    ཁྲི་2500ཙམ་སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན། བོད་རང་སྐྱོང་ལྗོངས་ཐད་གཏོགས་ཀྱི་2016ལོའི་ཁེ་ལས་ཀྱི་ལས་གནས་བརྟན་གཏོང་གི་ཁ་གསབ་མ་དངུལ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། ཀྲུང་དབྱང་ཐད་གཏོགས་དང་ལྗོངས་ཐད་གཏོགས་ཀྱི་ཁེ་ལས་97གྱིས་ལས་གནས་བརྟན་གཏོང་གི་ཁ་གསབ་དངུལ་སྒོར་ཁྲི་1466.67བླངས་པ་རེད།
          བོད་ལྗོངས་སུ་བསྡོམས་ཁེ་ལས་179ཁ་གསབ་ལེན་པའི་ཆ་རྐྱེན་ཚང་ཡོད་པ་དང་། ལས་གནས་བརྟན་གཏོང་གི་ཁ་གསབ་དངུལ་སྒོར་ཁྲི་2498.21ཁེ་ལས་ཁག་ལ་སྤྲད་པ་དེས་ལས་བཟོ་ཁྲི་2.88ལ་ཕན་པ་ཐོབ་ཡོད་པ་རེད།
          ལས་གནས་བརྟན་གཏོང་གི་ཁ་གསབ་ནི་2015ལོ་ནས་2020ལོ་བར་གྱི་དུས་མཚམས་རང་བཞིན་གྱི་སྲིད་ཇུས་ཡིན་ཞིང་། བྱ་ཐབས་སྤྱད་དེ་ལས་ཞུགས་ལས་གནས་བརྟན་པོ་ཡོང་བ་དང་། ལས་མི་ཉུང་འཕྲི་མི་བྱེད་པའམ་ཅུང་ཟད་ལས་ཉུང་འཕྲི་མི་བྱེད་པ། ལོ་གཉིས་བསྟུད་མར་ལས་ཤོར་འགན་བཅོལ་དངུལ་ཆ་ཚང་བསྐྱལ་བ་མ་ཟད། རྒྱལ་ཁབ་དང་བོད་ལྗོངས་ཀྱི་ཐོན་ལས་གྲུབ་ཆ་དང་ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་དང་འཚམ་པའི་ཁེ་ལས་ལ་ལས་ཤོར་འགན་བཅོལ་ཐེབས་རྩ་ནས་ལས་གནས་བརྟན་གཏོང་གི་ཁ་གསབ་སྤྲོད་ཀྱི་ཡོད། ཁ་གསབ་མ་དངུལ་གཙོ་བོ་ལས་བཟོར་འཚོ་བའི་ཁ་གསབ་སྤྲོད་པ་དང་། སྤྱི་ཚོགས་འགན་བཅོལ་གྱི་འགྲོ་གྲོན་སྐྱེལ་བ། ལས་སྒྱུར་གསོ་སྦྱོང་དང་རྩལ་ནུས་ཆེ་རུ་གཏོང་བ་སོགས་ཐད་སྤྱོད་ཀྱི་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ཐིང་ཀྲང་གཞོན་པ་འཕྲིན་ལས་ཉི་མས་མིག་སྔ་ནི་བོད་ལྗོངས་སུ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པའི་འགག་རྩའི་དུས་སྐབས་ཡིན་པ་དང་། ལས་གནས་བརྟན་གཏོང་གི་མ་དངུལ་བཏང་སྟེ་ཁེ་ལས་ཀྱི་ལས་བཟོའི་རྩལ་ནུས་ཆེར་གཏོང་གསོ་སྦྱོང་ལ་མཐོང་ཆེན་བྱེད་པ་དང་། ཁེ་ལས་ལ་ཤེས་ལྡན་པ་གསོ་སྐྱོང་དང་སྦྱོང་བརྡར་སྤྲོས་རྒྱུར་ཕན་པ་ཡོད་པས་ཁེ་ལས་ལེགས་སྒྱུར་དང་རིམ་སྤོར་བྱ་རྒྱུར་ཤེས་ལྡན་པའི་འདེགས་སྐྱོར་ཡག་པོ་བྱེད་ཐུབ་ཅེས་བཤད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་ལས་གནས་བརྟན་གཏོང་གི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ནས་ལོ་གཉིས་སོང་ཟིན་པ་དང་། དེས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ཐད་ཕན་འབྲས་ངེས་ཅན་ཞིག་ཐོན་ཡོད་པ་རེད། 2016ལོར་བོད་ལྗོངས་ཀྱིས་2015ལོའི་ཁེ་ལས་ཀྱི་ལས་གནས་བརྟན་གཏོང་གི་ཁ་གསབ་དངུལ་སྒོར་ཁྲི་1433.63སྤྲད་པས། ཁེ་ལས་115དང་ལས་བཟོ་ཁྲི་1.66ལ་ཕན་པ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།