འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་དོ་དམ་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་དམངས་སྲིད་པུས་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་དོ་དམ་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
            ཚོགས་འདུའི་ཐོག་ད་ཐེངས་སྒྲིག་འཛུགས་གསར་སྤེལ་བྱས་པའི་རྒྱལ་ཡོངས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་དོ་དམ་མ་ལག་ནང་གཞི་གྲངས་ཕབ་འཇུག་དང་། ཞིབ་བཤེར་སྙན་འབུལ། ཕྱོགས་སྡོམ་དབྱེ་ཞིབ་སོགས་ནུས་པ་ཚུད་ཡོད་པ་མ་ཟད། འདི་ཉིད་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་འཕྲིན་མ་ལག་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཆ་འཕྲིན་མ་ལག དབང་པོ་སྐྱོན་ཅན་གྱི་ཆ་འཕྲིན་དོ་དམ་མ་ལག་བཅས་དང་གཞི་གྲངས་མཉམ་སྤྱོད་ཐུབ་པ་བྱས་ནས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་གཞི་གྲངས་གསར་བརྗེས་དང་། དཔྱད་བསྡུར་དཔྱད་ཞིབ། མཉམ་སྡེབ་འདྲི་རྩད། དུས་བཀག་བརྡ་གཏོང་། དུས་ཐོག་སྙན་འབུལ་སོགས་ཀྱི་ལས་དོན་སྤེལ་རྒྱུར་བློས་འགེལ་ཆོག་པའི་ལས་སྟེགས་ཀྱི་འདེགས་སྐྱོར་དང་ནུས་ལྡན་གྱི་ལག་རྩལ་འགན་ལེན་ཐུབ་པ་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་གྱི་རྩིས་ཁྲ་ཆ་ཚང་པོ་བཟོས་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་བས་གཞིས་ལུས་བྱིས་པར་གནད་སྨིན་བྱམས་སྐྱོང་དང་། གནད་སྨིན་རོགས་སྐྱོར། གནད་སྨིན་སྲུང་སྐྱོང་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ནན་བཤད་བྱས་པ་རེད།
             ཚོགས་འདུའི་ཐོག་རིམ་པ་ཁག་དང་ལྷག་པར་དུ་རྫོང་(གྲོང་ཁྱེར་དང་ཆུས)དང་ཤང་གྲོང་རྡལ་(ཁྲོམ་གཞུང)བཅས་ཀྱིས་དུས་ཚོད་དམ་འཛིན་ངང་སྒྲིག་འཛུགས་སྐུལ་སློང་དང་མ་ལག་བཀོལ་སྤྱོད་གོ་རིམ་ལ་བསྡུར་ཞིབ་བྱས་ནས་དུས་ཚོད་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྡུད་ཀྱི་སྒོ་ནས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་འཚོལ་བསྡུ་ཕབ་འཇུག་དང་ཞིབ་བཤེར་སྙན་འབུལ་ལས་དོན་སྤེལ་ནས་2017ལོའི་ཟླ་11པའི་ཟླ་མཇུག་གོང་ཚང་མ་ལེགས་འགྲུབ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།