འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་གི་སློབ་གྲྭ་ཆེ་མོ་བས་བོད་དུ་སློབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “བོད་ལྗོངས་སུ་དགེ་རྒན་དགོས་མཁོ་ཆེན་པོ་འདུག ངའི་ངོས་ནས་བརྗོད་ན་བོད་དུ་སྐྱོད་པ་ནི་འགན་འཁྲི་ཞིག་ཡིན”ཀོང་ཏུང་ལིང་ནན་དགེ་འོས་སློབ་གླིང་དངོས་ཁམས་རིག་པའི་ཆེད་ལས་ཀྱི་ཀྲའོ་ཞའོ་ཡན་འདི་ལོ་སློབ་གྲྭ་ཐོན་རྗེས་ཀྲུའུ་ཅང་ཟུར་གསུམ་ཁུལ་གྲོང་ཁྱེར་རམ་ཡང་ན་རང་ཉིད་ཀྱི་ཕ་ཡུལ་དུ་མ་བསྡད་པར་བོད་དུ་སློབ་སྐྱོར་བྱ་རྒྱུའི་གདམ་ག་བྱས་པར་འོང་།
         ཤེས་རྟོགས་བྱུང་བར་གཞིགས་ན། 2009ལོ་ནས་བཟུང་ཀོང་ཏུང་ལིང་ནན་དགེ་འོས་སློབ་གླིང་དང་ཀོང་ཏུང་ཧྲའོ་ཀོན་སློབ་གླིང་གིས་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་དང་བྲག་ཡིབ་ཆུས་དང་མུ་མཐུད་མཉམ་ལས་མཉམ་སྐྲུན་བྱས། ཀོང་ཏུང་ལིང་ནན་དགེ་འོས་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ལོ་ཧའེ་ཨོའུ་ཡིས་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱ་ཆེད་སློབ་གྲྭ་དེས་2014ལོ་ནས་བཟུང་ཁྱོན་བསྡོམས་ཕུལ་བྱུང་སློབ་མ་ཁག་བཞི་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་ལོ་ཕྱེད་ནས་ལོ་གཅིག་བར་གྱི་སློབ་སྐྱོར་དངོས་སྦྱོང་བྱེད་པར་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         འདི་ལོའི་ཟླ་བདུན་པ་ནས་བཟུང་། ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་གིས་སློབ་གྲྭ་གཉིས་ཀྱི་རང་འགུལ་བོད་སྐྱོར་བྱ་སྤྱོད་དེ་ཞིང་ཆེན་སློབ་གསོ་ཐིང་གི་གཙོ་ཁྲིད་བྱེད་པ་དང་འབྲེལ་ཡོད་མཐོ་སློབ་ཞུགས་པའི་སྲིད་གཞུང་གི་བོད་སྐྱོར་རྣམ་གྲངས་སུ་བརྩིས་ནས་ཆ་སྒྲིག་མཉམ་སྐྲུན་ཁྱབ་ཁོངས་ཆེ་རུ་བཏང་བ་དང་སློབ་གཉེར་ལོ་རྒྱུས་རིང་བ་དང་དགེ་འོས་སློབ་གསོའི་ནུས་པ་ཆེ་བའི་མཐོ་སློབ་13བདམས་ཏེ་མཉམ་སྐྲུན་ནང་ཞུགས་ཡོད། ཀོང་ཏུང་གི་མཐོ་སློབ་13གྱིས་ཉིང་ཁྲི་དང་ཆབ་མདོ་གྲོང་ཁྱེར་གཉིས་ཀྱི་འབྲེལ་ཡོད་ཚན་པ་དང་སློབ་གྲྭ་དང་ས་ཁུལ་མཉམ་སྐྲུན་གྱི་གྲོས་མཐུན་བཞག་ཡོད། དེའི་ཐོག་ནས“ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་དང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་སློབ་གྲྭ་ཆེ་མོ་བའི་བསམ་བློ་ཆབ་སྲིད་སློབ་གསོའི་ལག་ལེན་རྟེན་གཞི་མཉམ་སྐྲུན་གྱི་རྣམ་གྲངས”ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པ་དང་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་ཡོད།
         ཀོང་ཏུང་གིས་ལོ་ལྟར་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་པ་དང་། ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ། བཀོད་སྒྲིག་ལ་ཉན་པ་བཅས་ཀྱི་སློབ་གྲྭ་ཆེ་མོ་བ་བདམས་ཏེ་ཚོགས་པ་1ནས་2བར་བཙུགས་ནས་མཉམ་སྐྲུན་བྱ་ཡུལ་སློབ་གྲྭར་སློབ་སྐྱོར་ལོ་ཕྱེད་དམ་ཡང་ན་ལོ་གཅིག་བྱེད་པ་དང་ཆབས་ཅིག་སློབ་ཁྲིད་དོ་དམ་དང་སློབ་མའི་སློབ་སྦྱོང་དོ་དམ་ཐད་ཉམས་མྱོང་ཡོད་པའི་དགེ་རྒན་དངོས་སྦྱོང་མཛུབ་ཁྲིད་དགེ་རྒན་དུ་བཀོད་སྒྲིག་བྱས་ཡོད། གཞན་ཡང་སློབ་གྲྭ་ཆེ་མོ་བའི་སྤྱི་ཚོགས་ལག་ལེན་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་ནས་བོད་རིགས་མང་ཚོགས་ཀྱི་ཁྱིམ་ཚང་དང་། སློབ་སྦྱོང་ཟུར་ཁྲིད། རང་སྲུང་སློབ་གསོ། བྱམས་བརྩེའི་ལྟ་རྟོག ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་སློབ་གྲྭ་དང་ས་ཁུལ་སྤེལ་རེས་དང་འབྲེལ་འདྲིས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་སློབ་གྲྭ་ཆེ་མོ་བའི་རྒྱལ་གཅེས་བརྩེ་སེམས་དང་རྒྱལ་ཁབ་ཀྱི་མཐའ་མཚམས་ས་ཁུལ་ཡུན་རིང་བདེ་འཁོད་སྲུང་སྐྱོང་གི་དད་སེམས་གསོ་སྐྱོང་བྱས་ཡོད།
         སློབ་གྲྭ་དང་ས་ཁུལ་མཉམ་སྐྲུན་རྣམ་གྲངས་ཀྱིས་སློབ་གསོའི་འཕེལ་རྒྱས་འཆར་འགོད་དང་། དགེ་རྒན་གསོ་སྦྱོང་། སློབ་གསོ་ཆ་འཕྲིན་ཅན། སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད། སློབ་ཁྲིད་སློབ་སྐྱོར། སློབ་གསོ་ཞིབ་འཇུག་གི་ཆུ་ཚད་མཐོར་གཏོང་། སློབ་གསོ་སློབ་ཁྲིད་ཀྱི་ཞིབ་འཇུག་སོགས་ཐད་སློབ་གྲྭ་དང་ས་ཁུལ་སྤེལ་རེས་དང་འབྲེལ་འདྲིས་ཀྱི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།