འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཅང་དབྱི་ཅ་ཡིས་ཡུལ་མི་ཚོར་གྲོང་ཁྱེར་གྱི་མི་ཡང་ཡིད་སྨོན་
    སྐྱེ་བའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཅང་དབྱི་ཅ་ཡིས་ཡུལ་མི་ཚོར་གྲོང་ཁྱེར་གྱི་མི་ཡང་ཡིད་སྨོན་
སྐྱེ་བའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་པ།
           མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཤར་རྒྱུད་དུ་གནས་པའི་ཕུང་ཤིས་རྫོང་ཀུང་ཧྲི་གྲོང་ཚོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཀུང་ཧྲི་གྲོང་ཚོ་མཉམ་འབྲེལ་གྱི་ཏང་ཨུད་ཧྲུའུ་ཅི་ཅང་དབྱི་ཅ་ཡིས་སེམས་ཁྲལ་བྱེད་ཡུལ་ཞིག་ཡིན་ལ་ཁོང་གི་ཕ་ཡུལ་ཡང་ཡིན། སྟོན་འགོར་ཀུང་ཧྲི་གྲོང་ཚོར་བསྐྱོད་སྐབས་མཐའ་བཞི་སྔོ་ལྗང་རི་བོས་བསྐོར་བ་དང་། མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་བ། ཨར་འདམ་ལམ་རེ་རེ་བཞིན་རི་གསེབ་ཏུ་ཀྱག་ཀྱོག་ངང་བཟོས་པ། ཞིང་ནང་དུ་ཆུ་ཡུར་འཕྲེད་གཞུང་སྣོལ་མར་བསྐྲུན་པ། ཐུན་མོང་མ་ཡིན་པའི་ཞིང་ཁྱིམ་སྒོ་ར་གསར་པ་རེ་རེ་བཞིན་ཆགས་པ། སྔོ་ཐིང་ངེར་གནས་པའི་ཡུག་སྦྲེལ་ཐོན་ལས་གླིང་བཅས་ལས་ཡུལ་དེ་དབེན་པའི་སྐྱེད་ཚལ་ལྟ་བུར་སྣང་།
            ཕུང་ཤིས་སུ་གྲོང་ཚོའི་ཏང་ཨུད་ཧྲུའུ་ཅི་དེ་ཁྱིམ་ཚང་ཀུན་གྱིས་རྒྱུས་མངའ་ཡོད་པ་དང་ཁོང་གིས་ཡོང་འབབ་ཁྲི་སྟོང་ཕྲག་འཁྱེར་ནས་ཕ་ཡུལ་དུ་ལོག་སྟེ་དབུལ་སྐྱོར་བྱས་པའི་གཏམ་རྒྱུད་གྲོང་མི་ཚོས་གླེང་རྒྱུར་དགའ་བ་སྟེ། ལོ་20ཡི་སྐབས་ཕ་ཡུལ་དང་ཁ་བྲལ་ནས་དམག་ནང་ཞུགས་པ་དང་། ལོ་40ལ་སླེབས་སྐབས་དམག་ཁོངས་ནས་ཕྱིར་ལོག་སྟེ་ཚོང་ལས་གཉེར་ནས་མ་རྩ་སྒོར་བྱེ་བ་ཟིན་པའི་ཁེ་ལས་མཁས་ཅན་ཞིག་ཏུ་གྱུར་པ། ལོ་49ལ་སླེབས་སྐབས་ཕ་ཡུལ་དུ་ལོག་ནས་གྲོང་མིའི་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱས་ཏེ་ད་བར་ལོ་བཅུ་སོང་བ་ལ་སོགས་ཡིན་ཞིང་། འདི་ནི་སི་ཁྲོན་ཕུང་ཤིས་རྫོང་ཀུང་ཧྲི་གྲོང་ཚོར་ཅང་དབྱི་ཅ་(དཀྱིལ)ཡིས་གྲོང་མིར་ལོ་མ་མང་བའི་མེ་ཏོག་པད་མའི་སྐྱེ་འཚར་གོམས་གཤིས་སློབ་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།