འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུའུ་ཡིས་ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱིས་སྔར་བྱུང་མ་མྱོང་བའི་སྟོབས་ཤུགས་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གོང་གི་ལོ་བཞི་ཡི་རིང་རིམ་རྩིས་ལྟར་ན་མི་འབོར་དབུལ་པོ་ཁྲི་5564ཉུང་དུ་ཕྱིན་པ་དང་། ལོ་རེར་ཆ་སྙོམས་མི་ཁྲི་1391ཟིན་པ། འདི་ལོ་ཉུང་མཐར་ཡང་ཁྲི་1000ཉུང་དུ་ཕྱིན་ཡོད། ལོ་ལྔར་ཆ་སྙོམས་བྱས་ན་ལོ་རེར་དབུལ་པོ་ཉུང་དུ་སོང་བའི་མི་གྲངས་ཁྲི་1300ཡན་ཟིན་གྱི་ཡོད། འདི་ལོ་ཅིན་ཀང་རི་བོ་དང་ལན་ཁའོ་རྫོང་གིས་དང་ཐོག་དབུལ་སྒྲོལ་བྱེད་འགོ་བཙུགས་པ་དང་རྫོང་དབུལ་པོ་ཁག་གཅིག་དབུལ་སྒྲོལ་ཐུབ་པ་བྱ་རྒྱུའི་ཁྱབ་བསྒྲགས་ཀྱང་བྱས་ཡོད། རྫོང་དབུལ་པོར་ལོ་རྒྱུས་ཐོག་གྲངས་ཚད་ཐོག་ནས་མི་འབོར་དབུལ་པོ་ཉུང་དུ་སོང་ཡོད། ས་ཁུལ་ཁག་དང་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་མི་འབོར་དབུལ་པོའི་གཞི་ཁྱོན་ཇེ་ཆུང་དུ་ཕྱིན་པ་དང་ས་ཁུལ་དབུལ་པོའི་རྣམ་པའང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ཅེས་བཤད་པ་རེད།
          ཤིན་ཏུ་དབུལ་པོའི་ས་ཁུལ་རྒྱབ་སྐྱོར་བྱ་ཡུལ་གཙོ་བོར་བརྩིས་ཏེ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།
          ལིའུ་ཡུང་ཧྥུའུ་ཡིས་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས་དབུལ་སྒྲོལ་འགག་སྒྲོལ་ཐད་ད་ཆ་དཀའ་ཚེགས་ཆེ་ཤོས་ནི་ཤིན་ཏུ་དབུལ་པོའི་ས་ཁུལ་རེད་ཅེས་བཤད་པ་རེད། ལིའུ་ཡུང་ཧྥུའུ་ཡིས་དུས་ཡུན་རིང་པོའི་ནང་ལོ་རྒྱུས་སོགས་རྒྱུ་རྐྱེན་གྱིས་རྐྱེན་པས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་པོ་ཆགས་ཚད་མཐོ་བ་དང་། རྨང་གཞིའི་ཆ་རྐྱེན་ཞན་པ། ཞིང་ཆེན་དྲུག་གི་མི་འབོར་དབུལ་པོའི་གྲངས་ཚད་ཁྲི་300ཡན་ཟིན་པ། ཞིང་ཆེན་ལྔའི་དབུལ་པོ་ཆགས་ཚད་10%ཡན་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། “ལོ་འགའ་ཞིག་གོང་གི་དབུལ་པོ་ཉུང་དུ་གཏོང་རིམ་ལ་གཞིགས་ན། གལ་སྲིད་ས་ཆ་འདི་དག་གིས་དབུལ་སྒྲོལ་བྱེད་ཤུགས་ཆེ་རུ་མ་བཏང་ན་ལས་འགན་ལེགས་འགྲུབ་ཡོང་དཀའ་བ་ཞིག་རེད”ལིའུ་ཡུང་ཧྥུའུ་ཡིས་ཀྲུང་དབྱང་གིས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་ཆེད་མངགས་འཚོགས་པ་མ་ཟད། རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ཡིག་ཆའང་བཏོན་ཡོད་ཅེས་བཤད་པ་རེད།
          ཀྲུང་དབྱང་གིས་ཤིན་ཏུ་དབུལ་པོའི་ས་ཁུལ་དེ་དག་རྒྱབ་སྐྱོར་བྱ་ཡུལ་གཙོ་བོར་བརྩིས་ཏེ་མ་དངུལ་གྱི་སྲིད་ཇུས་དང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་ཀྲུང་དབྱང་གི་སྡེ་ཚན་ཁག་གིས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་ལེགས་འགྲུབ་ཡོང་རྒྱུར་དམིགས་ཏེ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནང་འགྲིམ་འགྲུལ་སྡེ་ཚན་གྱིས་འགྲོ་ལམ་ཉམས་བཟོ་བྱེད་དགོས་པ་དང་། ཆུ་བེད་སྡེ་ཚན་གྱིས་འཐུང་ཆུ་ཐག་གཅོད་བྱེད་དགོས་པ། འབྲེལ་ཡོད་སྡེ་ཚན་གྱིས་ཐོན་ལས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་དགོས་པ་མ་ཟད། ད་དུང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ཞིབ་ཕྲའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཀྱི་ཡོད། ཞིང་ཆེན་གྱིས་སྤྱི་འགན་ཁུར་ཏེ་ཁོངས་གཏོགས་ས་ཁུལ་གྱི་ཤིན་ཏུ་དབུལ་པོའི་གནད་དོན་ཐག་གཅོད་བྱེད་དགོས་ཀྱི་ཡོད།
         ཤིན་ཏུ་དབུལ་པོའི་ཚོགས་སྤྱིར་དོ་ཁུར་གྱིས་ནད་ཀྱིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་པ།
          རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་ཕྱོགས་བསྡུས་སིའི་སི་ཀྲང་གསར་འགྱུར་མགྲིན་ཚབ་པ་སུའུ་གོ་ཞ་ཡིས་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས། མིག་སྔར་ལྷག་པའི་མི་འབོར་དབུལ་པོའི་ཁྲོད་ཁྱིམ་ཚང་གི་ཁོངས་མི་ནད་ཀྱིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་བསྡུར་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་སྟེ། ལོ་གཉིས་གོང་གི་42%ནས་ད་ཆའི་44%བར་མཐོ་རུ་ཕྱིན་ཡོད། བདེ་ཐང་དབུལ་སྐྱོར་ཐད་ནས་བལྟས་ན། དེ་ནི་ད་ཆ་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ཤིན་ཏུ་དབུལ་པོའི་ཚོགས་སྤྱིའི་གནད་དོན་ཞིག་ཡིན་ལ་གོམ་སྟབས་རྗེས་མའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ཅིག་ཀྱང་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། སུའུ་གོ་ཞ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་སོགས་སྡེ་ཚན་གྱིས་བདེ་ཐང་དབུལ་སྐྱོར་གྱི་འདུ་འགོད་མཉམ་འབྲེལ་ཐོག་ལག་བསྟར་བྱས་པ་དང་། གཞི་རྩའི་ལམ་ལུགས་ཀྱི་རིམ་ངོས་ནས་གཞི་རྩའི་སྨན་བཅོས་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ལམ་ལུགས་གསུམ་བཙུགས་པ། དེ་དང་ཆབས་ཅིག་ཚོང་ལས་འགན་བཅོལ་ཁག་གཅིག་ཁ་གསབ་བྱས་ཏེ་གཞི་རྩའི་གནད་དོན་ཐག་གཅོད་བྱས་ཡོད། ཞིང་ཆེན་ཁག་གིས་ཀྱང་སྲིད་ཇུས་མང་པོ་བཏོན་ཡོད་པས། གྲོང་གསེབ་ཀྱི་མི་འབོར་དབུལ་པོར་དམིགས་པའི་སྨན་བཅོས་འགན་ལེན་ལམ་ལུགས་སྤྱིར་ན་འཐུས་སྒོ་ཚང་པོ་ཡོད་ཅེས་བཤད།
         ཕུགས་ཕན་ལམ་སྲོལ་བཙུགས་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ།
         གསར་འགོད་པའི་དྲི་བར་ལན་རྒྱག་སྐབས་ལིའུ་ཡུང་ཧྥུའུ་ཡིས། མིག་སྔའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་ཆབས་ཅིག་ད་དུང་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་ཡང་བསམ་གཞིག་བྱེད་དགོས་ཤིང་། གྲོང་ཚོ་དབུལ་པོ་དང་ཤང་དང་གྲོང་རྡལ་དབུལ་པོའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མངགས་གཏོང་བྱས་པའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་བེད་སྤྱོད་ཡག་པོ་གཏོང་དགོས། གྲོང་ཚོའི་ནང་དུ་ཐོན་ལས་ཀྱི་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པ་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་དང་སྐྱེད་སྲིང་བྱེད་པ། སློབ་གསོ་དང་འཕྲོད་བསྟེན་ཐད་ལའང་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། སྨན་བཅོས་འགན་ལེན་འཐུས་སྒོ་ཚང་དུ་བཏང་སྟེ་སྨན་བཅོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་རིམ་སློབ་གསོ་སོགས་འཕེལ་རྒྱས་བཏང་བ་བརྒྱུད་མིའི་བྱང་ཚད་མཐོ་རུ་དང་རྩལ་ནུས་ཆེ་རུ་གཏོང་དགོས་ཞེས་བཤད།
          ད་ཆ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་དམིགས་ས་གཙོ་བོ་ནི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཡིན། གྲོང་ཁྱེར་དུའང་དབུལ་པོའི་གནད་དོན་ཡོད་པས། ལམ་ལུགས་བཀོད་སྒྲིག་ཐད་གྲོང་ཁྱེར་དང་གྲོང་རྡལ་དུ་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་ལས་ཞུགས་ལམ་ལུགས་ལ་བརྟེན་ནས་ཐག་གཅོད་བྱས་ཏེ། ཁྱིམ་ཚང་ཚང་མར་མ་མཐར་ཡང་མི་གཅིག་ལ་ལས་ཀ་བརྟན་པོ་ཡོད་པར་བྱེད་དགོས། མ་མཐའི་འཚོ་བ་འགན་ལེན་གྱི་ཆ་རྐྱེན་དང་འཚམ་པའི་རིགས་ལ་འཕྲལ་དུ་རོགས་སྐྱོར་བྱེད་དགོས། ལིའུ་ཡུང་ཧྥུའུ་ཡིས། མིག་སྔར་སེམས་ནུས་གཅིག་ཏུ་བསྒྲིལ་ཏེ་2020ལོའི་གོང་དུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་དགོས། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྗེས་སུ་དབུལ་སྐྱོར་ལས་དོན་ཇི་ལྟར་བྱས་ཏེ་སྒྲུབ་དགོས་མིན་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་འདོམས་བྱེད་དགོས་མིན། བལྟོས་མེད་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་བྱུང་རྗེས་བལྟོས་བཅས་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་མིན་སོགས་ལ་མིག་སྔར་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།