འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོའི་གནམ་སྤྱན”གྱིས་རྩ་འཕར་བརྟན་སྐར་ཐེངས་དང་པོ་རྙེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་རང་རྒྱལ་གྱི་ཁ་ཞེང་སྨི་500ཟིན་པའི་ཟླུམ་ངོས་འཕྲོ་གློག་རྒྱང་ཤེལ་(FAST)ལ་ཐོབ་པའི་གྲུབ་འབྲས་ཁག་དང་པོ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱི་ཞིབ་འཇུག་པ་ལི་ཏིས་ས་གནས་ས་ཐོག་ཏུ་FASTརྒྱང་ཤེལ་སྙོམ་སྒྲིག་ཚོད་ལྟ་བྱེད་པའི་འཕེལ་རིམ་སྔོན་དཔག་ལས་བརྒལ་སོང་། ལྷག་པར་དུ་སྤུས་ལེགས་ཀྱི་རྩ་འཕར་བརྟན་སྐར་གདམ་བྱ་བཅུ་གྲངས་འཚོལ་ཞིབ་ཐུབ་པའི་ནང་བརྟན་སྐར་དྲུག་ལ་རྒྱལ་སྤྱིའི་ར་སྤྲོད་ཐོབ་ཡོད། འདི་ནི་རང་རྒྱལ་གྱི་འཕྲོ་གློག་རྒྱང་ཤེལ་གྱིས་རྩ་འཕར་བརྟན་སྐར་རྙེད་ཐེངས་དང་པོ་རེད།
            རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱི་ཐའེ་ཀྲང་ཡན་ཅུན་གྱིས“ཚོར་སྐྱེན་ཆེ་བའི་FASTརྒྱང་ཤེལ་ནི་རྩ་འཕར་བརྟན་སྐར་འཚོལ་བའི་སྒྲིག་ཆས་ཡག་ཤོས་ཡིན། ད་ཐེངས་ཀྱི་རྩ་འཕར་བརྟན་སྐར་གསར་པ་6ནི་ཀྲུང་གོ་རང་གིས་བཟོས་པའི་སྒྲིག་ཆས་ཀྱིས་རྙེད་ཐེངས་དང་པོ་རེད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།