འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཀེ་ཐེ་གཏེར་གྱི་འོད་ཤུགས་ལྷུ་སྒྲིག་བྱས་ནས་བཟོ་བའི་ལག་རྩལ་ལ་ཚད་བརྒལ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཝུའུ་ཧན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ནས་གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ཁྲེང་དབྱི་པིན་རིགས་གཅིག་མཁས་པའི་ཚོགས་པས་ཀེ་ཐེ་གཏེར་གྱི་ཉི་ནུས་གློག་རྫས་ལྷུ་སྒྲིག་བྱས་ནས་བཟོ་བའི་ལག་རྩལ་རྣམ་གྲངས་གཉིས་ལ་ཚད་བརྒལ་བྱུང་སྟེ་རྒྱལ་སྤྱིའི་ཐོག་རིགས་གཅིག་པའི་ཐོན་ཟོག་གི་ཉི་འོད་གློག་སྒྱུར་བྱེད་ཚད་མཐོ་ཤོས་ཡིན་པ་རེད།
           ཁྲེང་དབྱི་པིན་ཚོགས་པས་10cm×10cmཡི་ཤེལ་གྱི་གཞི་རྟེན་གྱི་ཀེ་ཐེ་གཏེར་གྱི་ཉི་ནུས་གློག་རྫས་ལྷུ་བསྒྲིགས་ནས་བཟོ་བའི་ལག་རྩལ་ལ་ཚད་བརྒལ་བྱུང་བ་རྒྱལ་ཁབ་ཉི་ནུས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ལྟེ་གནས་ཀྱིས་དེའི་ལྷུ་སྒྲིག་གི་ཉི་འོད་གློག་བསྒྱུར་བྱེད་ཚད་13.98%ཟིན་པ་དེ་རྒྱལ་སྤྱིའི་ཐོག་ར་སྤྲོད་བྱས་པའི་རིགས་གཅིག་པའི་ཐོན་ཟོག་ཁྲོད་ནུས་པ་ཆེ་ཤོས་ཡིན་པ་ཚོད་ལྟ་ར་སྤྲོད་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།