འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལྗར་པན་ས་གནས་ཁྲིམས་ཁང་གིས་ཧྥུའུ་ཏའོ་ཡི་ཉིང་རྡུལ་བྱུར་རྐྱེན་གྱི་ཞུ་གཏུག་བྱེད་མཁན་
    ཕྱོགས་ལ་གྱོད་ཁ་ཐོབ་པ་ཁྲིམས་ཐག་བཅད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་ལྗར་པན་གྱི་སྨྱན་སྦྱོར་ལས་ཁུངས་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་10ཉིན་ལྗར་པན་ཧྥུའུ་ཏའོ་ས་གནས་ཁྲིམས་ཁང་གིས་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་གི་བྱུར་རྐྱེན་གྱི་ཞུ་གཏུག་བྱེད་མཁན་ཕྱོགས་ལ་གྱོད་ཁ་ཐོབ་པ་ཁྲིམས་ཐག་བཅད་ཅིང་། ཁྲིམས་ཁང་གིས་ལྗར་པན་སྲིད་གཞུང་དང་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་ལས་གཉེར་བྱེད་མཁན་ཐོ་ཁེའོ་གློག་ཤུགས་ཀུང་སིས་ཉིང་རྡུལ་བྱུར་རྐྱེན་དེར་ཁག་འགན་འཁུར་དགོས་པས། ཁོ་ཚོས་ཞུ་གཏུག་བྱེད་མཁན་3800ཁྲོད་ཀྱི་མི་གྲངས་2900ལ་ལྗར་པན་གྱི་སྒོར་དུང་ཕྱུར་4.9(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་2950དང་མཚུངས)ཡི་སྐྱིན་ཚབ་སྤྲོད་དགོས་པའི་ངོས་འཛིན་བྱས་པ་རེད།
         2013ལོ་ཉིང་རྡུལ་བྱུར་རྐྱེན་བྱུང་རྗེས་མུ་མཐུད་དུ་ཧྥུའུ་ཏའོ་ས་ཁུལ་དུ་གཞིས་སྡོད་པའི་གྲོང་མི་དང་ཕྱི་ཡུལ་དུ་གནོད་འབྱོལ་བྱེད་པར་ཕྱིན་པའི་མི་སྣ་ཁྱོན་བསྡོམས་3800ཡིས་ཞུ་གཏུག་ཚོགས་པ་སྒྲིག་འཛུགས་བྱས་ནས་ཐུན་མོང་གིས་གཏུག་བཤེར་བྱས་ནས་ལྗར་པན་སྲིད་གཞུང་དང་ཐོ་ཁེའོ་གློག་ཤུགས་ཀུང་སིར་ཉིང་རྡུལ་བྱུར་རྐྱེན་གི་དབང་གིས་ཁོ་ཚོར་གནོད་སྐྱོན་ཐེབས་པ་དང་བསམ་བློར་སྡུག་བསྔལ་བྱུང་བར་ཁྱོན་བསྡོམས་དངུལ་འབོར་ལྗར་སྒོར་དུང་ཕྱུར་160(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་9.6དང་མཚུངས་)ཡི་སྐྱིན་ཚབ་སྤྲོད་དགོས་པའི་བླང་བྱ་བཏོན་པ་རེད།
        ཞུ་གཏུག་འདིར་འདྲི་གཅོད་བྱ་རྒྱུའི་ལྟེ་གནད་ནི་ལྗར་པན་སྲིད་གཞུང་དང་ཐོ་ཁེའོ་གློག་ཤུགས་ཀུང་སིར་མཚོ་འཁྱོམ་འབྱུང་སྲིད་པར་སྔོན་ཚུད་ནས་ཚོད་དཔོག་བྱེད་ནུས་ཡོད་མེད་དང་། དེ་བཞིན་རྒྱལ་ཁབ་ཀྱིས་དམིགས་འཛུགས་བྱས་པའི་སྐྱིན་ཚབ་སྤྲོད་རྒྱུའི་དངུལ་འབོར་སོགས་ལུགས་དང་མཐུན་མིན་ལ་གཅིག་བསྡུས་བྱས་པ་རེད། མཐར་ཧྥུའུ་ཏའོ་ས་གནས་ཁྲིམས་ཁང་གིས་ལྗར་པན་སྲིད་གཞུང་དང་ཐོ་ཁེའོ་གློག་ཤུགས་ཀུང་སིས་ཞུ་གཏུག་བྱེད་མཁན་ལ་སྐྱིན་ཚབ་སྤྲོད་དགོས་པའི་ཁྲིམས་ཐག་བཅད་མོད། འོན་ཀྱང་ཞུ་གཏུག་བྱེད་མཁན་ཚོས་ས་གནས་དེ་གའི་འཚོ་བའི་ཁོར་ཡུག་ཉམས་གསོ་བྱ་དགོས་པའི་བླང་བྱ་བཏོན་པར་ལྡོག་བརྡ་བསློགས་པ་རེད།
         2011ལོའི་ཟླ་3ཚེས་11ཉིན་ལྗར་པན་ཤར་རྒྱུད་དུ་བྱུང་བའི་ས་ཡོམ་ཆེན་པོ་ལས་མཚོ་འཁྱོམ་དྲག་པོ་བྱུང་བ་རེད། ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་ལ་མཚོ་ཆུ་འཛུལ་བའི་རྐྱེན་གྱིས་གློག་ཆད་ཅིང་། དེའི་ཉིང་འགྱུར་འབྱུང་ཕུང་པོ་4ཡི་ཁྲོད་དུ་ཉིང་འགྱུར་འབྱུང་ཕུང་པོ་3སྔ་རྟིང་དུ་འབར་གས་བྱུང་སྟེ་ཉིང་འགྱུར་འབྱུང་ཕུང་པོའི་ནང་ཉིང་བཞུ་བརླག་བྱུང་ནས་ཆག་སྒོ་རང་བཞིན་གྱི་ཉིང་རྡུལ་ཤོར་བའི་བྱུར་རྐྱེན་བྱུང་བས། ད་ལྟའི་བར་དུ་ཧྥུའུ་ཏའོ་ཡི་མང་ཚོགས་མང་པོ་སྔར་བཞིན་གནོད་བྱོལ་གྱི་གནས་སུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།