འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གོ་ལ་ཧྲིལ་པོའི་བདེ་འཇགས་
    བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འདོད་ཚུལ་བཞི་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་6ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་དམག་དོན་བཀག་སྡོམ་སིའི་སི་ཀྲང་ཝང་ཆུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འདོད་ཚུལ་བཞི་བཏོན་པ་རེད།
            ཝང་ཆུན་གྱིས་ཉིན་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་དམག་མི་ཉུང་འཕྲི་དང་རྒྱལ་སྤྱིའི་བདེ་འཇགས་ལས་དོན་གྱི་འགན་འཁུར་བའི་ཨུ་ལྷན་ཨང་དང་པོའི་སྤྱིར་བཏང་རྩོད་གླེང་ཐོག་གཏམ་བཤད་བྱས་ནས། ད་ཆའི་འཛམ་གླིང་འདི་འཕེལ་རྒྱས་ཆེན་པོ་དང་། འགྱུར་ལྡོག་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སུ་གནས་པ་མ་ཟད། གོ་ལ་ཧྲིལ་པོའི་བདེ་འཇགས་ལའང་འགྲན་སློང་གསར་པ་འཕྲད་དང་འཕྲད་བཞིན་ཡོད་སྟབས་བདེ་འཇགས་ཐད་ཀྱི་འགྲན་སློང་དང་དུས་བབ་གསར་པས་བདེ་འཇགས་བཅོས་སྐྱོང་གསར་པ་ཞིག་རེ་འབོད་བྱེད་བཞིན་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་སྲིང་བཅས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་བསྐྱངས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཆགས་པ་དང་ཐུན་མོང་ཐོག་མཉམ་ལས་གཉིས་ཕན་གྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་ཞིག་བསྐྲུན་རྒྱུའི་འབོད་སྐུལ་གནང་ཡོད། འདུ་ཤེས་གལ་ཆེན་འདི་དག་གིས་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་ལ་དོན་དམ་པའི་སྤྱོད་འཐུས་ཀྱི་ལམ་ཞིག་བཏོན་གནང་བ་ནི་ཕྱོགས་ཚང་མ་ནས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་གོང་འཕེལ་གྱི་ཐག་གཅོད་ཇུས་གཞི་ཇེ་བཟང་དུ་འགྲོ་བ་ཞིག་ཡིན་ལ། དཔེ་ལྟ་གཞི་དང་ཁྱབ་སྤེལ་གཏོང་ཆོག་པའི་རྒྱལ་སྤྱིའི་བདེ་འཇགས་ཀྱི་མཛད་ཕྱོགས་ཤིག་ཀྱང་རེད་ཅེས་བཤད།
            ཝང་ཆུན་གྱིས་དམིགས་ཡུལ་ཐད་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཆགས་པ་བྱ་རྒྱུ་ནི་ཞི་བདེ་ཡུན་གནས་དང་། ཀུན་ལ་བདེ་འཇགས་ལྡན་པ། དར་རྒྱས་ཕུན་ཚོགས་ཀྱི་འཛམ་གླིང་ཞིག་བསྐྲུན་ནས་དྲང་གཞག་དྲང་བདེན་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་བདེ་འཇགས་ཀྱི་རྣམ་པ་ཞིག་གཏོད་ཐབས་བྱ་རྒྱུ་དེ་ཡིན་པ་དང་། འདུ་ཤེས་ཐད་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་སྲིང་བཅས་ལྡན་པའི་བདེ་འཇགས་ཀྱི་འདུ་ཤེས་ཤིག་སྐྱོང་ཐབས་བྱ་རྒྱུ། རྩ་དོན་ཐད་སྒྲིག་སྲོལ་ལ་སྣང་ཆེན་དང་སྒྲིག་ལམ་ལ་སྣང་ཆེན་བྱས་ནས་རྒྱལ་ཁབ་ཚང་མས་《ཉིང་རྡུལ་མཚོན་ཆ་མི་མཆེད་པའི་ཆིངས་ཡིག་》རྨང་རྡོར་བྱས་པའི་ད་ཆ་སྤྱོད་མུས་ཀྱི་དམག་དོན་བཀག་སྡོམ་དང་ཉིང་རྡུལ་མཚོན་ཆ་འགོག་པའི་མ་ལག་གི་དབང་གྲགས་དང་ཕན་ནུས་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་ཚད་གཞི་གཉིས་དང་གདམ་ག་ཡོད་པའི་བྱེད་སྟངས་སྤྱོད་མི་རུང་། ལམ་སྲོལ་ཐད། ཕྱོགས་མང་རིང་ལུགས་བསྐྱངས་ཏེ་རིམ་པ་མང་བའི་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་ཐབས་བྱ་རྒྱུ། རྒྱལ་ཁབ་ཆེན་པོའི་མཉམ་ལས་ཀྱི་སྒྲོམ་གཞི་མ་ཞིག་པ་བྱེད་པ་དང“གདོང་ཐུག་མི་བྱེད་པ་དང་ཁ་གཏད་དུ་མི་ལངས་པ། ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཕན་ཡོང་བའི”རྨང་གཞིའི་ཐོག་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་བཙུགས་ནས་འཐབ་ཇུས་གཏན་འཁྱོངས་དང་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་རང་འགུལ་ངང་འགལ་བ་དོ་དམ་ཚོད་འཛིན་བྱས་ནས་ཐུན་མོང་ཐོག་བདེ་འཇགས་ཡོང་བ་བྱ་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཏེ་ས་ཁོངས་ཀྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།