འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེ་བ་ཀྲང་ཧའོ་ཁྲེང་གི་པེ་ཅིང་གི་འཚོ་བ། 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཝེ་ཝེ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            དབྱར་གསེང་རིང་ཧྥ་རན་སེའི་ལི་ཨང་དུ་གཉེན་འཕྲད་དུ་བསྐྱོད་པའི་ཀྲང་ཧའོ་ཁྲེང་གིས་སྐད་འཕྲིན་གྱི་གྲོགས་ཚོགས་ནང“ཁྱིམ་དུ་ག་བྱེད་འདི་བྱེད་མེད་པར་སྡོད་པ་ལས་མགྱོགས་ཙམ་པེ་ཅིང་དུ་ལོག་ན་དགའ”ཞེས་བྲིས་ཡོད། བལྟོས་བཅས་ཀྱིས་དབེན་ཞིང་འཇམ་པའི་ཧྥ་རན་སེའི་གྲོང་གསེབ་ཀྱི་འཚོ་བ་དང་བསྡུར་ན་པེ་ཅིང་གི་འཁྲུག་ཆ་དོད་ལ་བྲེལ་འཚུབ་ཆེ་བའི་འཚོ་བ་སྐྱེལ་སྟངས་ལ་ཁོང་དང་འདྲ་བའི་ན་གཞོན་ཚོས་དགའ་པོ་བྱེད་ཀྱི་ཡོད།
            ལོ་21ལ་སླེབས་པའི་ཀྲང་ཧའོ་ཁྲེང་ཀྲུང་གོར་སླེབས་ནས་ལོ་གསུམ་སོང་བ་དང་མིག་སྔར་པེ་ཅིང་འཇིག་རྟེན་མཁའ་སྐྱོད་སློབ་ཆེན་གྱི་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན། ཁོང་གི་ཆེད་ལས་ནི་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་དོན་ཡིན། ཁོང་ལ་ཕྱི་རྒྱལ་གྱི་གྲོགས་པོ་དེ་ཙམ་མང་པོ་མེད་ནའང་ཀྲུང་གོའི་གྲོགས་པོ་མང་པོ་ཡོད། ཁོང་དེང་རབས་ཀྱི་གཙོ་རྒྱུན་རིག་གནས་ལ་དགའ་པོ་ཡོད་པ་མ་ཟད། ད་དུང་གནའ་བོའི་སྙན་ངག་ལ་ཧ་ཅང་དགའ་པོ་ཡོད།
          “པེ་ཅིང་དུ་སླེབས་རྗེས་ང་ཧ་ལམ་དངུལ་སྨར་འདོན་མྱོང་མེད། ལག་ཐོགས་ཁ་པར་ཐོག་ནས་རྐང་འཁོར་བཞོན་པ་དང་། ཟ་རིགས་ཉོ་བ། དྲ་ཐོག་ནས་དངུལ་གཏོང་སྤྲོད་ལ་སོགས་ཐུབ་ཀྱི་ཡོད། ཧྥ་རན་སེར་ཡོད་པའི་ངའི་གྲོགས་པོ་ཚོར་གནས་ཚུལ་འཕྲད་སྐབས་དང་ཐོག་ཁྱིམ་དུ་ལོག་ནས་པ་ཕ་དང་ཨ་མར་སྐྱབས་བཅོལ་གྱི་ཡོད། འོན་ཀྱང་ངར་གནས་ཚུལ་འཕྲད་སྐབས་ལག་ཐོགས་ཁ་པར་ཐོག་ནས་ཐག་གཅོད་ཐུབ”ཅེས་ཀྲང་ཧའོ་ཁྲེང་གིས་པེ་ཅིང་གི་ཡུལ་སྐད་ཐོག་ནས་བཤད།
          ཀྲང་ཧའོ་ཁྲེང་གིས“ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཧ་ཅང་འགྲོ་མགྱོགས་པ་དང་ཚང་མ‘གྲངས་གཞི་ཅན’དུ་གྱུར་འདུག དེར་དངོས་སྦྱོང་བྱེད་པར་མ་ཡོང་ན་ཀྲུང་གོའི་དྲ་སྦྲེལ་ཁེ་ལས་ཀྱི་རྣམ་པ་ཡག་པོ་དེ་འདྲ་ཡོད་པ་ཤེས་མི་སྲིད། ཚང་མ་ན་གཞོན་ཡིན་པས་ཕན་ཚུན་བསམ་ཤེས་ཐུབ་ཀྱི་འདུག ཁོང་ཚོས་ང་ཚོ་ཕྱི་རྒྱལ་གྱི་དངོས་སྦྱོང་སློབ་མའི་ལྟ་བར་བརྩི་འཇོག་ཆེན་པོ་བྱེད་ཀྱི་འདུག”ཅེས་བཤད་པ་རེད།
          བཅར་འདྲི་མཇུག་འགྲིལ་རྗེས་ཀྲང་ཧའོ་ཁྲེང་གིས་གྲོགས་ཚོགས་ནང“རྒྱལ་སྟོན་འཆར་བ་དང‘ནང་འདྲེན་བྱས་པའི’ཀྲུང་གོ་བ་ཞིག་ཡིན་པའི་ངར་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག”ཅེས་བྲིས།
      

    ཕྱོགས་བསྡུས་གསར་འགྱུར།