འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་རང་འདོད་མངགས་ཐོའི་ཡུལ་སྐོར་དར་སོ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཁྱད་ལྡན་དམངས་སྲོལ་ཡུལ་སྐོར་དང་རྐང་ཐང་མྱུལ་དཔྱད་ཚོགས་པ་ལ་སོགས་འདི་ལོའི་རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་རིང་མཚོ་སྔོན་དུ་རང་འདོད་མངགས་ཐོའི་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དང་སྟབས་བསྟུན་གྱི་རང་འདོད་མངགས་ཐོའི་ཡུལ་སྐོར་གདམ་ག་བྱེད་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།
          “འདི་ལོའི་རྒྱལ་སྟོན་རིང་ང་ཚོས་མཚོ་སྔོན་དུ་རང་འདོད་མངགས་ཐོའི་ཡུལ་སྐོར་གདམ་ག་བྱས་པ་ཡིན། དེ་ལྟར་བྱས་ན་ཡུལ་སྐོར་བྱེད་མང་བའི་དུས་ལས་གཡོལ་ཐུབ་པ་མ་ཟད། ད་དུང་མི་སྒེར་གྱི་དགའ་སྣང་ལ་གཞིགས་ཏེ་ལམ་ཐིག་འཆར་འགོད་བྱེད་ཆོག དཔེར་ན་ང་ཚོས་མཛེས་ལྗོངས་པར་རྒྱག་འདོད་ན་ཚྭ་ཁར་ཉིན་1བཀོད་སྒྲིག་བྱེད་པ་དང་ལོ་རྒྱུས་ཀྱི་གནའ་ཤུལ་ལྟ་འདོད་ན་ཉི་ཟླ་རི་བོ་རྟེན་རྫས་བཤམས་མཛོད་ཁང་དང་མཁར་དམར་གནའ་གྲོང་དུ་ཕྱིན་ན་ཆོག”ཅེས་ཀན་སུའུ་ནས་ཡོང་བའི་སྐུ་ཞབས་ལེའང་ལགས་ཀྱིས་འདི་ལོ་ཡུལ་སྐོར་ལས་དོན་ཁང་དུ་ཁྱིམ་ཚང་རྐྱང་པའི་རང་འདོད་མངགས་ཐོའི་ཡུལ་སྐོར་ཚོགས་པའི་ནང་ཞུགས་སྐབས་དེ་ལྟར་བཤད་པ་རེད།
          རང་འདོད་མངགས་ཐོའི་ཡུལ་སྐོར་ནི་ཡུལ་སྐོར་བའི་དགོས་མཁོ་དང་དགའ་སྣང་ལ་གཞིགས་ཏེ་ཡུལ་སྐོར་ལམ་ཐིག་འཆར་འགོད་བྱས་ནས་ཡུལ་སྐོར་བར་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཞབས་ཞུ་བྱེད་པའི་ཡུལ་སྐོར་བྱ་ཐབས་ཤིག་ཡིན། ཡུལ་སྐོར་འཛད་སྤྱོད་རིམ་སྤོར་བྱུང་བ་དང་སྦྲགས་ཡུལ་སྐོར་བ་དེ་བས་མང་བས་རང་འདོད་མངགས་ཐོའི”ཡུལ་སྐོར་གདམ་ག་བྱེད་ཀྱི་ཡོད། ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་སོགས་ཀྱིས་ཡོངས་བསྒྲགས་བྱས་པའི་《2017ལོའི་རྒྱལ་སྟོན་རིང་གི་ཡུལ་སྐོར་འཕེལ་ཕྱོགས་སྙན་ཞུའི་》ནང་འདི་ལོའི་རྫོགས་ལྡན་གཟའ་འཁོར་རིང་ཡུལ་སྐོར་བ་ཚོགས་པའི་ནང་ཞུགས་པ་དང་རང་མོས་ཡུལ་སྐོར་ནས་རང་འདོད་མངགས་ཐོའི་ཡུལ་སྐོར་གྱི་དུས་རབས་ཕྱོགས་སུ་བསྐྱོད་པ་རེད།
          “རྒྱལ་སྟོན་རིང་རང་འདོད་མངགས་ཐོའི་ཡུལ་སྐོར་བྱེད་མཁན་ཧ་ཅང་མང་བ་དང་མཚོ་སྔོན་དུ་ཡོང་བའི་ཡུལ་སྐོར་བ་དང་མཚོ་སྔོན་ནས་ཞིང་ཆེན་གཞན་དུ་སྐྱོད་པའི་ཡུལ་སྐོར་བ་ཚུད་ཡོད། ད་ལྟའི་དུས་མཚམས་ཀྱི་ཚོགས་པར་སྣེ་ལེན་བྱས་ཚུལ་ནས་བལྟས་ན། མཚོ་སྔོན་དུ་རང་འདོད་མངགས་ཐོའི་ཡུལ་སྐོར་གདམ་ག་བྱེད་མཁན་གཙོ་བོ་ནི་ལས་ཞོར་པར་རྒྱག་མཁན་དང་འཁོར་གཏོང་ཡུལ་སྐོར་བྱེད་མཁན་རེད་འདུག”ཅེས་མཚོ་སྔོན་ཞིང་ཆེན་ཁང་ཧུའེ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གི་སྤྱི་ཁྱབ་ཅིང་ལི་དབྱང་ཁྲེང་ཚའེ་ཡིས་བཤད་པ་རེད།
          དོན་དངོས་ཐོག་ཡུལ་སྐོར་ལས་དོན་ཁང་མི་ཉུང་བ་ཞིག་གིས་འཕེལ་ཕྱོགས་དེ་ཤེས་རྟོགས་ཐུབ་ཡོད། འདི་ལོའི“རྫོགས་ལྡན་གཟའ་འཁོར”རིང་མཚོ་སྔོན་གྱི་ཡུལ་སྐོར་ལས་དོན་ཁང་མང་པོ་ཞིག་གིས“ནང་མི་མཉམ་སྐྱོད”སོགས་བརྗོད་དོན་གཙོ་བོའི་རང་འདོད་མངགས་ཐོའི་ཡུལ་སྐོར་བྱེད་སྟངས་བཏོན་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ཐང་གོང་མ་གྲོང་ཚོར་ཆེད་མངགས་རང་འདོད་མངགས་ཐོའི་ཡུལ་སྐོར་དོན་གཉེར་བྱེད་མཁན་ལས་གཏོད་ཀུང་སི་ཞིག་ཡོད་ཅིང་། གང་དེའི་འགན་འཁུར་བ་ཀྲའོ་ཀྲི་ཞང་གིས“ད་ཆ་རང་འདོད་མངགས་ཐོའི་ཡུལ་སྐོར་གདམ་ག་བྱེད་མཁན་ཟམ་མི་ཆད་པར་མང་དུ་འགྲོ་བ་དང་འདི་ལོའི་རྒྱལ་སྟོན་གྱི་ཚོགས་པ་ང་ཚོས་སྔ་ས་ནས་བཀོད་སྒྲིག་བྱས་པ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།