འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་དངུལ་ཁང་གིས་འདི་ལོ་དང་སང་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ལ་སྔོན་
    དཔག་བྱེད་ཚད་མཐོ་རུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར། འཛམ་གླིང་དངུལ་ཁང་གིས་མ་ལེ་ཞི་ཡའི་ཁྭ་ལ་ལུམ་ཕུར་ལ་《ཨེ་ཤེ་ཡ་ཤར་མ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་དཔལ་འབྱོར་གྱི་ལོ་ཕྱེད་ཀྱི་སྙན་ཞུ་》ཁྱབ་བསྒྲགས་བྱས་པའི་ནང་། འདི་ལོར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་6.7%ཟིན་རྒྱུ་དང་། སང་ལོ་དང་གནངས་ལོར་6.4%དང6.3%སོ་སོར་ཆག་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད།
            འཛམ་གླིང་དངུལ་ཁང་གིས་འདི་ལོར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ལས་བརྒལ་ཏེ་མྱུར་ཚད་6.7%ཟིན་ཐོག་ན་ནིང་དང་མཉམ་རྒྱུ་ཡིན་པ་ནི། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་གཞི་གཙོ་བོ་ཞིག་གིས་འདི་ལོ་དང་སང་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ལ་སྔོན་དཔག་བྱེད་ཚད་མཐོ་རུ་བཏང་ཞིང་། འདི་ལོའི་ཟླ་4པར་འཛམ་གླིང་དངུལ་ཁང་གིས་འདི་ལོ་དང་སང་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་6.5%དང་6.3%སོ་སོར་ཟིན་རྒྱུའི་སྔོན་དཔག་བྱས་པ་རེད།
            སྙན་ཞུའི་ནང་། ཀྲུང་གོའི་དཔལ་འབྱོར་དེ་མ་འཇོག་གིས་སྐུལ་མ་གཏོང་བ་ནས་ནང་ཁུལ་འཛད་སྤྱོད་ཀྱིས་སྐུལ་མ་གཏོང་བར་འགྱུར་བའི་ཡང་བསྐྱར་དོ་མཉམ་ཡོང་བ་བྱེད་པའི་བརྒྱུད་རིམ་མུ་མཐུད་གནས་རྒྱུ་ཡིན་པའི་དབང་གིས་དཔལ་འབྱོར་འཕར་ཚད་དེ་ཕལ་ཆེར་2018ལོ་ནས་2019ལོ་བར་རྒྱུན་མཐུད་ངང་དལ་དུ་འགྲོ་སྲིད་པ་འཁོད་པ་དང་། ཡིན་ནའང་སྙན་ཞུའི་ནང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཁེ་ལས་སྒྱུར་བཅོས་མུ་མཐུད་བྱེད་པ་དེས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་ཐད་ལེགས་སུ་འགྲོ་རྒྱུ་ཡིན་པ་འཁོད་ཡོད།
           གཞན་ཡང་། སྙན་ཞུའི་ནང་། ཨེ་ཤེ་ཡ་ཤར་མ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་ཚད་ལ་སྔོན་དཔག་ཀྱང་བྱས་ཡོད། འཛམ་གླིང་དངུལ་ཁང་གིས་གོ་ལ་ཧྲིལ་པོའི་འཕར་ཚད་སྔོན་དཔག་ཐད་ལེགས་སུ་གཏོང་བ་དང་ད་དུང་ཤུགས་ཆེ་བའི་ནང་ཁུལ་འཛད་སྤྱོད་ཀྱི་དགོས་མཁོ་དེས་ཨེ་ཤེ་ཡ་ཤར་མ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་སྒྲིག་གཞིས་དགེ་མཚན་ལྡན་པའི་འཕེལ་རྒྱས་ཀྱི་གནས་སྟངས་ཤིག་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་ལ། དར་རྒྱས་ཆེ་བའི་དཔལ་འབྱོར་སྒྲིག་གཞིའི་དཔལ་འབྱོར་འཕར་ཚད་ཤུགས་ཆེ་བ་དང་སྤོམ་ཆེའི་ཚོང་ཟོག་གི་རིན་གོང་ཚུར་ལོག་པ་དང་གོ་ལ་ཧྲིལ་པོའི་ཉོ་ཚོང་སླར་གསོ་ཐུབ་པ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ས་ཁུལ་དེ་གའི་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་སྒྲིག་གཞིའི་འདི་ལོ་དང་སང་ལོའི་དཔལ་འབྱོར་འཕར་ཚད་6.4%དང་6.2%སོ་སོར་ཟིན་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པ་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།