འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཉེན་རྟོག་ལས་དོན་མཉམ་ལས་ནང་གི་ཀྲུང་གོའི་གཟེངས་སུ་ཐོན་པའི་ལེགས་སྐྱེས་
    ལ་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་28ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་སྐབས་86པའི་ཚང་འཛོམས་ཚོགས་ཆེན་ཟླ་9ཚེས་26ནས་29ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་འཚོག་ལ་ཉེ་བའི་མཚམས་སུ། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཧྥ་རན་སེའི་ལི་ཨང་སྤྱི་ཁྱབ་པུའུ་རུ་རྩ་འཛུགས་དེའི་མཐོ་རིམ་དཔོན་རིགས་མང་པོ་ཞིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། རྒྱལ་སྤྱིའི་ཉེན་རྟོག་ལས་དོན་གྱི་ཁྱབ་ཁོངས་མང་པོའི་མཉམ་ལས་ནང་ཀྲུང་གོས་མེད་དུ་མི་རུང་བའི་ནུས་པ་བཏོན་ཏེ་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད།
         རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ནི་འཛམ་གླིང་ཐོག་སྲིད་གཞུང་དབར་གྱི་ཉེས་དོན་ཉེན་རྟོག་མཉམ་ལས་ཀྱི་རྩ་འཛུགས་ཆེ་ཤོས་ཤིག་ཡིན་པ་དང་། དེའི་ལས་འགན་གཙོ་བོ་ནི་འཇིགས་སྐུལ་བྱེད་སྤྱོད་དང་། སྒྲིག་འཛུགས་ཡོད་པའི་ཉེས་གསོག་གྱོད་གཞི། དུག་རྫས། གོ་མཚོན་ལྐོག་འཚོང་། རྒྱ་མཚོ་ལྐོག་སྒྲོལ། བཙོག་དངུལ་གཙང་སྒྱུར། བྱིས་པའི་ཆགས་སྲེད། དྲ་རྒྱའི་ཚན་རྩལ་ཉེས་གསོག་གྱོད་གཞི། གཞུང་རྒྱུ་ཧམ་ཟ་སོགས་རྒྱལ་སྒྲོལ་ཉེས་གསོག་གི་གྱོད་གཞི་ཆེ་གྲས་བརྟག་དཔྱད་བྱ་རྒྱུར་ལག་རྩལ་གྱི་རྒྱབ་སྐྱོར་དང་གསང་འཕྲིན་བརྗེ་རེས་དང་མཐུན་སྦྱོར་གྱི་ལས་དོན་སྤེལ་རྒྱུ་དེ་ཡིན།
         རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཉེན་རྟོག་ལས་དོན་ཅུས་ཀྱི་ལག་བསྟར་ཅུས་ཀྲང་ཏི་མུའུ·མོ་ལི་སིས་བཅར་འདྲི་དང་ལེན་བྱེད་སྐབས། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ཀྲུང་གོས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཞིང་། གཙོ་བོ་ཕྱོགས་གཉིས་ཐད་ནས་མངོན་པ་སྟེ། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་གྲངས་གཞིའི་མཛོད་ལ་ཆ་འཕྲིན་འབོར་ཆེན་མཁོ་འདོན་བྱས་པ་དང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ལི་ཨང་སྤྱི་ཁྱབ་པུའུ་དང་སིང་ཀ་ཕོར་གྱི་ཡན་ལག་པུའུ་ལ་ཆེད་ལས་ལག་རྩལ་གྱི་ཉེན་རྟོག་ལས་དོན་མི་སྣ་མཁོ་འདོན་བྱས་ནས་དྲ་རྒྱའི་ཉེས་གསོག་སོགས་དམིགས་བསལ་ཁྱབ་ཁོངས་ཀྱི་ཉེས་གསོག་ཐད་རྡུང་རྡེག་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བཤད།
         མོ་ལི་སིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཀྱི་ཉེན་རྟོག་ལས་དོན་མཉམ་ལས་ལ་མཐོང་ཧ་ཅང་ཆེན་པོ་གནང་ཞིང་། ཁོང་གིས་འདི་ལོའི་ཟླ་5པར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་ཀྲུང་གོ་སྲིད་གཞུང་དང་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་དེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད། “རྒྱུད་གཅིག་ལམ་གཅིག”ནང་ཞུགས་མཁན་ཕྱོགས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་གྲངས་གཞིའི་མཛོད་སྤྱད་དེ་མཐའ་མཚམས་ཀྱི་ཆ་འཕྲིན་བརྗེ་རེས་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་སྣ་དང་དངོས་ཟོག་བདེ་འཇགས་ཡོང་རྒྱུ་འགན་ལེན་བྱས་ཡོད་ཅེས་བཤད།
         ཉེན་རྟོག་ལས་དོན་གྱི་ཆ་འཕྲིན་བརྗེ་རེས་ལས་སྟེགས་ནི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་འགན་ནུས་གལ་ཆེན་ཞིག་ཡིན། རྩ་འཛུགས་དེའི་ཆ་འཕྲིན་དང་ལག་རྩལ་མ་ལག་གི་གཙོ་གཉེར་མི་སྣ་ཏུའོ་སྨི་ཉེ་ཁེ·ཤུས་ཁེ་ཡིས། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ལ་ཉེས་གསོག་དོགས་ཅན་གྱི་ཆ་འཕྲིན་བརྡ་ཁྱབ་དང་ཡུལ་སྐོར་ལག་ཁྱེར་བརླག་པའི་ཆ་འཕྲིན་གྲངས་གཞིའི་མཛོད་ཚུད་པའི་འབྲེལ་ཡོད་ཆེད་ལས་གྲངས་གཞིའི་མཛོད་17མཁོ་འདོན་བྱས་ནས་ཁོངས་མིའི་རྒྱལ་ཁབ་ལ་མགྱོགས་མྱུར་དང་དུས་ཐོག་ཏུ་རྩད་གཅོད་ཐུབ་རྒྱུར་རོགས་རམ་བྱས་ཡོད། ད་ཕན་ལོ་ཤས་ནང་། ཀྲུང་གོས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་གྲངས་གཞིའི་མཛོད་ལ་ཆ་འཕྲིན་འབོར་ཆེན་མཁོ་འདོན་བྱས་པ་དང་། ཉེ་བའི་ལོ་གསུམ་རིང་། ཀྲུང་གོས་མཁོ་འདོན་བྱས་པའི་གྲངས་གཞིའི་ཚད་དང་རྩད་གཅོད་བྱེད་ཚད་ཐོག་ནས་བལྟས་ཚེ་མཉམ་ལས་དེ་རིགས་སྔར་བས་ལེགས་སུ་ཕྱིན་པ་མཚོན་ཡོད་ཅེས་བཤད།
        རྒྱལ་སྒྲོལ་ཉེས་གསོག་དོགས་ཅན་རྩད་གཅོད་བྱ་རྒྱུ་དེའང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་འགན་ནུས་གལ་ཆེན་ཞིག་ཡིན། རྩ་འཛུགས་དེའི་བྲོས་འདེད་ལྟེ་གནས་ཀྱི་མཐོ་རིམ་དཔོན་རིགས་དབྱང་ཉེ་སི·ཁོའོ་ཅི་ཉེ་སི་ཡིས་ཉེས་གསོག་དོགས་ཅན་བྲོས་འདེད་བྱེད་པའི་ཐད་ཀྲུང་གོ་དང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་དབར་གྱི་མཉམ་ལས་ཧ་ཅང་ཡག་པོ་ཡོད་པ་དང་ཀྲུང་གོས་བྲོས་འདེད་ལྟེ་གནས་ལ་རོགས་རམ་ཤུགས་ཆེན་བྱས་པས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་དྲ་རྒྱར་ཤུགས་སྣོན་ནུས་ལྡན་ཐེབས་ནས་འབྱུང་འགྱུར་མཉམ་ལས་སྔར་བས་དམ་ཟབ་ཡོང་བའི་ཡིད་ཆེས་ཡོད་ཅེས་བཤད།
         རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཁྲིམས་འགལ་ཚོང་ཟོག་དང་བཟའ་བཅའ་ངོ་རྒོལ་ཅུས་ཀྱི་མཐུན་སྦྱོར་པ་ཧྥུའུ་ལའང་སུའོ་ཝ་ཚི·ཏུའར་ཤིས་ཡེ་ཡིས་ཀྲུང་གོས་ཁྲིམས་འགལ་ཚོང་ཟོག་ཉོ་ཚོང་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུའི་ཐད་ཁས་ལེན་གནང་བ་མ་ཟད། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་ཨེ་ཤེ་ཡར་སྤེལ་བའི་བྱ་སྤྱོད་མང་པོའི་ནང་དུའང་ཞུགས་པས་ཕན་འབྲས་ཆེན་པོ་ཐོབ་ཡོད། ང་ཚོས་འབྱུང་འགྱུར་ཀྲུང་གོ་ཕྱོགས་དང་མཉམ་ལས་མང་ཙམ་བྱ་རྒྱུ་དང་ལྷག་པར་དུ་དབུས་ཤར་ས་ཁུལ་དང་ཨ་ཧྥེ་རི་ཁར་བྱ་སྤྱོད་སྤེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།