འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི"ITགྲོང་ཁྱེར"དུ་ཞའོ་སྨི་བྲིན་ཁ་རྒྱུག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་28ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཆར་པ་བབས་རྗེས་ཀྱི་རྒྱ་གར་གྱི“ITགྲོང་ཁྱེར”པན་ཅ་ལུའོར་དུ་སྔོ་ལྗང་རྩི་ཤིང་ཉི་འོད་ཀྱིས་རབ་ཏུ་འཚེར། གསར་འགོད་པས་རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའོ་ཀྲའོ་ཧུའེ་བཅས་པ་དང་མན་ཏེ་ལི་ཐང་ཆེན་ཟོག་ཉོའི་ལྟེ་གནས་ཀྱི“ཞའོ་སྨི་ཡི་ཁྱིམ”ཞེས་པར་བསྐྱོད་སྐབས་ཚོང་ཁང་ནང་བྲེལ་འཚུབ་ཆེ་བའི་རྣམ་པ་མཐོང་བྱུང་།
         མན་ཏེ་ལི་ཐང་ཆེན་ཟོག་ཉོའི་ལྟེ་གནས་ནི་པན་ཅ་ལུའོར་གྱི་རྩེ་རིམ་ཚོང་ལས་ཁུལ་དུ་གནས་ཡོད་པ་དང་ངལ་གསོའི་དུས་ཚོད་མིན་ཀྱང་མི་ཚོགས་སྟུག་པོ་ཡོད་པ་རེད། འདུ་འཛི་ཆེ་བའི་ས་ཆ་འདི་གར་ཞའོ་སྨི་ཀུང་སིའི་བརྡ་ཆ་ཆེན་པོ་ཞིག་འདྲེན་བྱེད་མདུན་དུ་འཆར། “ཞའོ་སྨི་ཡི་ཁྱིམ”གྱི་ཚོང་ཁང་ཆེན་པོ་མེད་ཀྱང་མཐའ་འཁོར་ཚང་མ་རྒྱལ་སྤྱིའི་སྤུས་རྟགས་གྲགས་ཅན་གྱི་ཆེད་ཚོང་ཁང་ཡིན་པ་རེད།
         འདི་ནི་པན་ཅ་ལུའོར་དུ“ཞའོ་སྨི་ཡི་ཁྱིམ”གཉིས་པ་དེ་ཡིན་པ་རེད། རྒྱ་གར་གྱི་དུས་ཆེན་གལ་ཆེན་མཆོད་མེ་སྤོར་བའི་དུས་ཆེན་བསུ་ཆེད། ཞའོ་སྨི་ཀུང་སིས་ལོ་འཁོར་གྱི་བྲིན་ཚོང་བྱེད་སྒོ་ཆེ་ཤོས་སྤེལ་བ་རེད། ཕྱིར་ཚོང་བ་གཞོན་ནུ་བདུན་བརྒྱད་ཀྱིས་ལུས་ལ་ཁན་སྦྱར་དམར་པོ་གྱོན་ནས་འཛད་སྤྱོད་པར་སྣེ་ལེན་ཞུ་བཞིན་ཡོད། ཚོང་ཁང་གི་འགན་ཁུར་བ་པན་སུའུ་ཡིས་ཚོང་ཁང་དེར་ཁྱོན་ལས་མི་8ཡོད་པ་ཚང་མ་ཡུལ་དེ་གའི་མི་རེད་ཅེས་བརྗོད་པ་དང་། ཁོང་གིས་ཞའོ་སྨི་ཀུང་སིས་འདི་གར་ཚོང་ཁང་བཙུགས་པས་སྤུས་རྟགས་དབར་གྱི་ཁྲིད་སྟོན་ནུས་པ་ཐོན་ནས་ཟོག་ཉོའི་ལྟེ་གནས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། དེ་དང་ཆབས་ཅིག་ཟོག་ཉོའི་ལྟེ་གནས་དེར་འཛད་སྤྱོད་པ་འབོར་ཆེན་ཡོད་པར་བརྟེན་ནས་ཚོང་ཁང་དེས་ཟླ་རེར་ཆ་སྙོམས་ལག་ཐོགས་ཁ་པར་3000དང་དེ་བཞིན་ཐོན་རྫས་གཞན་དག་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་ཚོང་ཁང་གི་ལས་མིའི་ཡོང་འབབ་ཡག་པོ་ཡོད་པས་ཁོང་ཚོས“ཞའོ་སྨི་ཡི་ཁྱིམ”དུ་ལས་ཀ་བྱེད་པར་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད།
         “ཞའོ་སྨི་ཡི་ཁྱིམ”གྱི་སྒྲིག་སྦྱོར་དར་སོ་ཆེ་ལ། ཇུས་བཀོད་ཀྱང་ཚན་རྩལ་གྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད། བཟོ་ལྟ་མི་འདྲ་བའི་ཞའོ་སྨི་ཁ་པར་རེ་རེ་བཞིན་སྒྲོག་རྩེའི་སྟེང་བསྒྲིགས་ཡོད་པ་དང་གྱང་སྟེང་གི་འཆར་ཡོལ་ནང་བཟོ་ལྟ་མི་འདྲ་བའི་ཐོན་རྫས་ཀྱི་པར་རིས་དང་། བཀྲག་མདངས་འཚེར་ས། སྒྲིག་སྦྱོར་བཅས་རེས་མོས་ངང་སྟོན་གྱི་ཡོད། འདི་གར་འཛད་སྤྱོད་པས་བར་ཐག་ཉེ་པོའི་སྒོ་ནས་ཞའོ་སྨི་ཡི་ཚན་རྩལ་ལས་བྱུང་བའི་ཡ་མཚན་དང་སྤྲོ་སྣང་ཉམས་ལེན་ཐུབ་པ་མ་ཟད། “ཀྲུང་གོའི་གསར་གཏོད”དང“རྒྱ་གར་གྱི་ལན་པར”ཟུང་འབྲེལ་ཡག་པོ་བྱེད་པ་ཚོར་ཐུབ།
        ཞའོ་སྨི་ཀུང་སིའི་པན་ཅ་ལུའོར་གྱི་གཙོ་འགན་ཁུར་མཁན་ཞེ་ཙི་དབྱང་གིས་ཀུང་སི་དེ་2014ལོར་རྒྱ་གར་གྱི་ཁྲོམ་རར་ཞུགས་པ་ནས་བཟུང་། 2016ལོ་བར་ཚོང་གཉེར་དངུལ་འབོར་ཨ་སྒོར་དུང་ཕྱུར་10ཟིན་ཡོད་པ་དང་། 2016ལོའི་ལོ་མཇུག་བར་ཞའོ་སྨི་ཀུང་སིས་རྒྱ་གར་གྱི་ལག་ཐོགས་ཁ་པར་ཁྲོམ་རའི་ཐོབ་སྐལ་10.7%བཟུང་ནས་ཨང་གཉིས་པར་སླེབས་ཡོད་ཅེས་བཤད།
         ཞེ་ཙི་དབྱང་གིས་ཞའོ་སྨི་ཀུང་སིས་འབྱུང་འགྱུར་ལོ་གཉིས་ནང་རྒྱ་གར་དུ“ཞའོ་སྨི་ཡི་ཁྱིམ”100བཙུགས་ཐུབ་པ་བྱས་ནས་རྒྱ་གར་གྱི་འཛད་སྤྱོད་པ་དེ་བས་མང་བར་ཞའོ་སྨི་ཐོན་རྫས་སྤྱོད་ཐུབ་པ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།