འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་མོང་གོལ་རྒྱལ་ཁབ་ཀྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཀྱི་གནས་བབ་ལོ་
    བཅུ་ལྷག་ཙམ་བསྟུད་མར་རྒྱུན་འཁྱོངས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་28ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན། སྐབས་གཉིས་པའི་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་ཚེས་26ཉིན་ནང་སོག་གི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། གསར་འགོད་པར་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། ཀྲུང་མོང་ཕྱོགས་གཉིས་དབར་གྱི་ཉོ་ཚོང་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། ཀྲུང་གོས་མོང་གོལ་རྒྱལ་ཁབ་ཀྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཀྱི་གནས་བབ་ལོ་བཅུ་ལྷག་ཙམ་བསྟུད་མར་རྒྱུན་འཁྱོངས་བྱས་པ་དང་ལྷག་པར་དུ་འདི་ལོའི་ཟླ་དང་པོ་ནས་བདུན་པ་བར་ཕྱོགས་གཉིས་དབར་གྱི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་36.2ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་46.3%འཕར་ཡོད་པ་རེད།
        སྐབས་གཉིས་པའི་ཀྲུང་མོང་དངོས་མང་སྟོན་ཚོགས་དེ་ཀྲུང་གོ་ཚོང་དོན་པུའུ་དང་། མོང་གོལ་རྒྱལ་ཁབ་ཀྱི་བཟའ་བཅའི་ཞིང་འབྲོག་ལས་དང་ཡང་བའི་བཟོ་ལས་པུའུ། ཀྲུང་གོའི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང“ཀྲུང་མོང་ཨུ་གསུམ་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད། གོ་ལ་ཧྲིལ་པོའི་མཉམ་ལས་གཉིས་ཁེར་མུ་མཐུད་ཕྱོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ད་ཐེངས་ཀྱི་གླེང་སྟེགས་དེས་སྲིད་ཇུས་འབྲེལ་གཏུག་དང་། སྒྲིག་བཀོད་མཉམ་མཐུད། ཚོང་ལམ་ཤར་བགྲོད། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་མཐུན་བཅས་ལ་དམིགས་ནས་ཀྲུང་མོང་ཨུ་གསུམ་གྱིས་ཐུན་མོང་ཐོག་སེམས་ཁུར་དང་དོ་ཁུར་བྱེད་པའི་གཙོ་གནད་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་བྱས་ཤིང་། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་དེས་རྒྱལ་ཁབ་30ལྷག་ཙམ་གྱི་ཁེ་ལས་1500ལྷག་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུའི་ཡིད་དབང་བཀུགས་པ་དང་རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཁྱོན་2500ལྷག་ཙམ་སྟོན་ཚོགས་སུ་ཞུགས་པ་རེད།
        ཚོང་དོན་པུས་འགོ་ཚུགས་མཛད་སྒོའི་ཐོག་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཀྲུང་གོས་མོང་གོལ་རྒྱལ་ཁབ་ཀྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཀྱི་གནས་བབ་ལོ་བཅུ་ལྷག་ཙམ་བསྟུད་མར་རྒྱུན་འཁྱོངས་བྱས་ཡོད། 2017ལོའི་ཟླ་བདུན་པ་བར་ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཀྱི་དངུལ་རྩའི་རིགས་མིན་པར་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་41.1བྱས་པ་དེས་མོང་གོལ་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་ཀྱི་མ་དངུལ་འདྲེན་འགུགས་བྱེད་འབོར་གྱི་30%ཙམ་བཟུང་ཡོད་པ་རེད།
         དུས་ཡུན་ཉིན་5ཡིན་པའི་ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་དེས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་དང་། ཚོགས་འདུའི་གླེང་སྟེགས། དངོས་རྫས་འགྲེམས་སྟོན། ཀྲུང་མོང་རྒྱལ་སྤྱིའི་རིག་གནས་སྤེལ་རེས་བྱེད་སྒོའི་གཟའ་འཁོར་སོགས་སྤེལ་རྒྱུ་ཡིན་པ་དེར་ཁྱོན“སྒྲོམ་གཞི་ཆེན་པོ་བཞི”དང་བྱེ་བྲག་བྱེད་སྒོ་ཁག་23ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།