འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་ཁོངས་ཀྲུང་གོ་བའི་སྐམ་ཁབ་མཁས་ཅན་ཞིག་ལ་ཏིང་མེ་གླིང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་
    ཁང་གི་ཡོན་ཧྲིར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། པར་ཙིར་གྱི་ཕྱི་ཁོངས་ཀྲུང་གོ་བའི་ཀྲུང་ལུགས་གསོ་རིག་གི་སྐམ་ཁབ་མཁས་ཅན་སུང་ནན་ཧྭ་ལ་ཏིང་མེ་གླིང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཧྲིར་གྱུར་པ་རེད།
         ལ་ཏིང་མེ་གླིང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཁང་ནི་སྤྱི་ཁྱབ་པུའུ་པ་ཞི་ལི་ཡར་བཙུགས་པའི་རིག་གཞུང་སྒྲིག་གཞི་ཞིག་ཡིན་ལ། ལ་ཏིང་མེ་གླིང་གི་རྒྱལ་ཁབ་23ནས་ཡོང་བའི་ཡོན་ཧྲི་250ལས་གྲུབ་པ་དང་། སྒྲིག་གཞི་དེའི་དམིགས་ཡུལ་ནི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་དབར་གྱི་སྤྱི་ཚོགས་ཚན་རིག་དང་རིག་གནས་ཁྱབ་ཁོངས་ཐད་ཀྱི་སྤེལ་རེས་དང་། འབྲེལ་གཏུག མཉམ་ལས་བཅས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག འཛམ་གླིང་རྒྱལ་ཁབ་ཁག་གི་འབྲེལ་ཡོད་སྒྲིག་གཞི་དང་རིག་གཞུང་ཐད་ཀྱི་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་དེ་ཡིན་པ་རེད།
         ཐེངས་འདིར་ཁྱོན་མི་12ལ་ཏིང་མེ་གླིང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཧྲི་གསར་པར་འགྱུར་པ་ལས་མི་3པར་ཙིར་གྱི་གསོ་རིག་ཁྱབ་ཁོངས་ཀྱི་འཐུས་མིའི་ངོས་ནས་བདམས་པ་དང་། སུང་ནན་ཧྭ་ནི་གཟི་བརྗིད་མཚན་སྙན་འདི་ཐོབ་མཁན་ཀྲུང་གོ་བ་དང་པོ་ཡིན་པ་རེད།
         ཀྲུང་གོའི་ཡུན་ནན་ལིན་ཚང་གྲོང་ཁྱེར་ནས་ཡིན་པའི་སུང་ནན་ཧྭ་ནི་ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་ནས་ཐོན་རྗེས་1995ལོར་པར་ཙིར་དུ་བསྐྱོད་པ་དང་། ཕྱིས་སུ་དེ་གར་སྐམ་ཁབ་སྨན་བཅོས་ཁང་ཞིག་གཉེར་བ་རེད། ལོ་20ལྷག་ཙམ་རིང་། ཁོང་གིས་ཀྲུང་ལུགས་གསོ་རིག་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཀུན་སྤྱོད་དང་སྨན་བཅོས་ལག་རྩལ་ཡག་པོར་བརྟེན་ནས་པར་ཙིར་བ་མང་པོའི་དགའ་བསུ་ཐོབ་པ་དང་། 2016ལོར་པར་ཙིར་རྒྱལ་ཁབ་ཀྱི་ཚན་རིག་དང་། སྒྱུ་རྩལ། ལོ་རྒྱུས། རྩོམ་རིག་སློབ་གླིང་གི“ཚེ་གང་ཡོན་ཧྲིའི”གོ་མིང་ཐོབ་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།