འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གོར་མོའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལས་མཇུག་འགྲིལ་ནས་གཉེར་
    སྐྱོང་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ལོ་2ཙམ་རིང་འཛུགས་སྐྲུན་བྱས་པ་བརྒྱུད་མཚོ་སྔོན་གོར་མོའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལས་མཇུག་འགྲིལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གོར་མོ་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་2016ལོའི་ཟླ་3པར་སྐྲུན་འགོ་ཚུགས་པ་དང་2017ལོའི་ཟླ་9ཚེས་15ཉིན་ཞིབ་བཤེར་རྩིས་ལེན་བྱས་པ་རེད། འཛུགས་སྐྲུན་ལ་སྨི་ངོས་གྲུ་ཁྲི་4.2ཟིན་པའི་ཚུགས་སྟེགས་དང་། ཚུགས་སྟེགས་གནམ་གྲུ་འཇོག་ས་12 ལམ་ཐག་སྨི་256དང་ཞེང་ཚད་ལ་སྨི་38ཟིན་པའི་ཐད་དཔྱང་སྦྲེལ་ལམ། སྨི་ངོས་གྲུ་ཁྲི་1.02ཟིན་པའི་གནམ་ཐང་བབས་ཚུགས། བར་འཁྱམས་གསུམ། ལས་བཟོའི་ལས་ཤག གནམ་ཐང་དོ་དམ་ཐོག་ཁང་། ལྕོག་རིང་སྟེགས་བུ་སོགས་ཡོད་པ་དང་ཆབས་ཅིག འཕྲིན་གཏོང་དང་། ཕྱོགས་སྟོན། གནམ་གཤིས། དོ་དམ་ཚོད་འཛིན་སོགས་ཀྱི་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ཡོད་པ་དང་། རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་4.3ཙམ་བཏང་ཡོད་པ་རེད།
         བསྐྱར་སྐྲུན་རྒྱས་སྐྲུན་རྗེས་གོར་མོའི་གནམ་ཐང་རྣམ་པ་གསར་རྐྱང་དུ་འགྱུར་རྒྱུ་མ་ཟད། གནམ་ཐང་བབས་ཚུགས་འདི་ཉིད་གཤོག་རྩལ་ངོམ་པའི་ཐང་དཀར་རྒོད་པོ་བཞིན་དུ་འགྱིང་ངེར་གནས་པ་དང་མདུན་ངོས་ཤར་རིའི་ཉི་གཞོན་མཁའ་ལ་འཕགས་པ་དང་འདྲ་ལ། གཞོགས་གཉིས་ཀྱི་དྭངས་ཞིང་གཙང་བའི་ཁ་བཏགས་ཕན་ཚུན་གཅིག་ལ་གཅིག་གཏད་དུ་སྣང་། གནམ་ཐང་བབས་ཚུགས་ཀྱི་ཚོམས་ཆེན་གྱི་ཐོག་སྟེང་གི་ཆུ་གཤེར་གཟུགས་དང་ནང་སོག་གི་ཡི་གེ“གོར་མོ”ཞེས་པ་ལས་ཆུ་ཕྲན་སྣ་ཚོགས་གཅིག་ཏུ་འདུས་པ་བཞིན་དུ་མཆིས།
      

    ཕྱོགས་བསྡུས་གསར་འགྱུར།