འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅༎ཆི་ལིར་ཡོད་པའི་ཀྲུང་གོའི་ཞིང་ལས་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཆི་ལི་དང་ཀྲུང་གོའི་ཞིང་ལས་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་ཆི་ལི་དང་ཀྲུང་གོའི་དཔེ་སྟོན་ཞིང་ར་སན་ཐེ་ཡ་ཀོ་གྲོང་ཁྱེར་གྱི་གྲོང་འདབས་སུ་བཙུགས་པ་རེད། ལྟེ་གནས་དེ་ནི་རྒྱལ་ཁབ་གཉིས་པོས་ཆི་ལིར་བཙུགས་པའི་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ལག་རྩལ་དཔེ་སྟོན་ལས་སྟེགས་ཤིག་རེད།
         དེ་ཉིན་ཆི་ལིའི་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཁེ་ལའོ་ཨའོ་ཏི·ཐེར་ཉི་ཤེར་དང་ཆི་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་པའོ་རུང་གིས་དཔང་པོ་བྱས་པ་བརྒྱུད་ཆི་ལིའི་ཞིང་འབྲོག་ལས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧུའུ་ལི་ཨའོ·ཁ་ལ་ཙེ་ཁེ་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཏང་ཙུའི་ཧྲུའུ་ཅི་ཁྲེན་མོང་ཧྲན་གཉིས་ཀྱིས་《ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་ཆི་ལིའི་ཞིང་འབྲོག་ལས་ཞིབ་འཇུག་ཁང་གི་མཉམ་ལས་བསམ་ཤེས་དྲན་ཐོ་》དང་《ཆི་ཀྲུང་རྒྱལ་ཁབ་གཉིས་པོའི་ཞིང་ལས་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་མཉམ་ལས་ལག་བསྟར་འཆར་གཞིར་》མཉམ་དུ་མིང་རྟགས་བཀོད་པ་རེད།
         ཁྲེན་མོང་ཧྲན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་ཞིང་ལས་ཀྱི་གསབ་རེས་རང་བཞིན་ཆེ་བ་དང་མཉམ་ལས་ཟབ་ཏུ་གཏོང་བའི་གཏིང་ཤུགས་ཧ་ཅང་ཆེན་པོ་ཡོད། རྒྱལ་ཁབ་གཉིས་པོས་ཆི་ལིར་ཡོད་པའི་ཞིང་ལས་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་དཔེ་སྟོན་ཞིང་ར་འཛུགས་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་ཞིང་ལས་ཚན་རྩལ་ཞིབ་འཇུག་སྒྲིག་གཞིས་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་ཆི་རྒྱལ་ཁབ་གཉིས་པོ་ཙམ་མ་ཟད། ཐ་ན་ལ་ཏིང་མེ་གླིང་གི་ཁྲོམ་རའི་ཉེར་སྤྱོད་ཞིང་ལས་ལག་རྩལ་གཞན་སྒྱུར་དང་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་ཚན་རིག་མཁས་ཅན་དབར་སྤེལ་རེས་དང་ཤེས་ལྡན་མི་སྣ་མཉམ་དུ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།