འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་རབས་21པའི་ཀྲུང་གོའི་གླེང་སྟེགས་ཀྱིས"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་
    ནང་གི་ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་སྤེལ་རེས་ལ་དོ་ཁུར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན། དབྱི་ཐ་ལིའི་རྒྱལ་ས་རོ་མར་ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁའི་སློབ་གྲོགས་མཐུན་ཚོགས་(ཀྲུང་གོའི་ཕྱི་སྦྱོང་སློབ་མའི་མཐུན་འབྲེལ་ལྷན་ཚོགས་)ཀྱི་སྐབས་བཅོ་ལྔ་པའི་དུས་རབས་21པའི་ཀྲུང་གོའི་གླེང་སྟེགས་འཚོགས་ནས“‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ནང་གི་ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་སྤེལ་རེས”ཞེས་པའི་བརྗོད་བྱ་གཙོ་བོར་དོ་ཁུར་བྱས་པ་རེད།
         གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་དེའི་དམིགས་ཡུལ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་དབར་གྱི་འབྲེལ་བའི་ལོ་རྒྱུས་དང་འབྱུང་འགྱུར་ལ་ཕྱིར་དྲན་དང་རྒྱང་ལྟ་བྱས་པ་བརྒྱུད་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མིག་སྔའི“རྒྱུད་གཅིག་ལམ་གཅིག”ལས་བྱུང་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཐོག་ཀྲུང་གོ་དང་དབྱི་ཐ་ལིའི་དམངས་ཁྲོད་ཀྱི་མཛའ་གྲོགས་སྟོབས་ཤུགས་སྔར་བས་རྒྱ་ཁྱབ་ངང་གཅིག་ཏུ་འདུས་ནས་དམངས་འདོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བས་ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་སྤེལ་རེས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་དེ་མདུན་ཕྱོགས་སུ་གོང་འཕེལ་ཡོང་བར་སྔར་བས་སྐུལ་འདེད་གཏོང་རྒྱུ་དེ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁའི་སློབ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲེན་ཀྲུའུ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ཞུགས་པ་དང་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་དམངས་སེམས་གཅིག་མཐུན་ཡོང་བ་བྱ་རྒྱུ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་རེད། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་པོས་རྒྱ་ཁྱབ་དང་དགེ་མཚན་ལྡན་པའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རིག་གནས་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། ཤེས་དཔལ་མི་འདྲ་བ་བཅས་བསྟུན་མཁས་དང་གཉིས་ཕན་གཉིས་ཁེ་ཡོང་བའི་ཞི་བའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་རུའེ་ཡུས་དང་། དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོའི་དེ་སྔའི་གཞུང་ཚབ་ཆེ་མོ་བ་པའེ་ཏ་ཉིང་། སྨི་ལན་རྒྱལ་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་དབྱི་ཐ་ལི་ཕྱོགས་ཀྱི་ཡོན་ཀྲང་ལན་ཧྲན་ཏེ་བཅས་པ་ཁག་སོ་སོས་ཤིས་ཚིག་གསུངས་ཏེ་ཟུར་ཚད་མི་འདྲ་བའི་སྒོ་ནས་ཀྲུང་གོ་དང་དབྱི་ཐ་ལི་དབར་གྱི་མཛའ་གྲོགས་སྤེལ་རེས་ལོ་རྒྱུས་ཕྱིར་དྲན་དང་འབྱུང་འགྱུར་གྱི་རྒྱལ་ཁབ་གཉིས་པོའི་རིག་གནས་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་ལ་རྒྱང་ལྟ་བྱས་ནས་ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད་བསམ་གཞིག་དང་བློ་གྲོས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།