འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཞི་བའི་འཕེལ་རྒྱས་ཐད་རྒྱལ་སྤྱིའི་ཐོག་ཀྲུང་གོར་མི་རྣམས་ཀྱི་དགའ་བསུ་ཐོབ་པ།

    —— ཨོ་སི་ཁྲུ་ལི་ཡའི་ཀེ་ལི་ཧྥེ་སི་སློབ་ཆེན་གྱི་མཚན་སྙན་ལྡན་པའི་དགེ་རྒན་ཆེ་མོ་བ་མཱ་ཁེ་ལིན་ལ་བཅར་འདྲི་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཀྲུང་གོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད་པས་ང་ཚོས་ཟུར་ཚད་མི་འདྲ་བ་མང་པོའི་ཐོག་ནས་ཀྲུང་གོར་ལྟ་ཞིབ་བྱེད་དགོས”ཞེས་ཨོ་སི་ཁྲུ་ལི་ཡའི་ཀེ་ལི་ཧྥེ་སི་སློབ་ཆེན་གྱི་མཚན་སྙན་ལྡན་པའི་དགེ་རྒན་ཆེ་མོ་བ་མཱ་ཁེ་ལིན་གྱིས་ཉིན་ཤས་གོང་2017ལོའི“རྒྱུད་གཅིག་ལམ་གཅིག”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཐོག་གཏམ་བཤད་སྤེལ་སྐབས་འདི་ལྟར་བརྗོད། མཱ་ཁེ་ལིན་གྱིས་རྒྱ་སྐད་དང་དབྱིན་སྐད་གཉིས་ཀྱི་ཐོག་ནས་གཏམ་བཤད་སྤེལ་བར་བཀྲག་མདངས་འཚེར་ས་མང་པོ་བྱུང་བས་གཤམ་འོག་གི་ཉན་མཁན་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད། ཁོང་གི་གཏམ་བཤད་མཇུག་འགྲིལ་ནས་སྡོད་གནས་སུ་ཕྱིར་ལོག་བྱེད་སྐབས་མདུན་གྲལ་དུ་སྡོད་མཁན་རྒྱལ་ཁབ་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ལག་གི་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས་ཡོད།
         མཱ་ཁེ་ལིན་དང་ཀྲུང་གོའི་དབར་ལས་འབྲེལ་དམ་ཟབ་ཡོད། 1964ལོར་མཱ་ཁེ་ལིན་ཀྲུང་གོར་ཐེངས་དང་པོར་དགེ་རྒན་བྱེད་པར་སླེབས། དུས་རབས་ཕྱེད་ཙམ་ནང་ཁོང་ཀྲུང་གོར་འཚམས་འདྲིར་ཐེངས་60ལྷག་ཙམ་ཡོང་མྱོང་ཡོད། ཀྲུང་གོའི་འཕེལ་རྒྱས་དང་ཡར་རྒྱས་དངོས་སུ་མྱོང་བ་དང་དུས་མཚུངས་འབད་བརྩོན་ལྷོད་མེད་ཀྱི་སྒོ་ནས་ཨོ་སི་ཁྲུ་ལི་ཡ་དང་འཛམ་གླིང་རྒྱལ་ཁབ་ཁག་ལ་ཀྲུང་གོའི་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱེད་ཀྱི་ཡོད། ཁོང་གི་ཞིབ་འཇུག་ཁྱབ་ཁོངས་ནང་ཀྲུང་གོའི་གྲངས་ཉུང་མི་རིགས་དང་། ཀྲུང་གོའི་སྲོལ་རྒྱུན་ཟློས་གར། ཀྲུང་གོས་ནུབ་ཕྱོགས་སུ་མངོན་པའི་གཟུགས་བརྙན་དང་དེ་བཞིན་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་སོགས་རེད། ད་ཆ་མཱ་ཁེ་ལིན་གྱིས་རིག་གཞུང་ཆེད་རྩོམ་ཁག་43སྤེལ་མྱོང་ཡོད་པ་དང་། དེའི་ནང་མཚོན་བྱེད་བརྩམས་ཆོས་《འགྱུར་ལྡོག་འགྲོ་བཞིན་པའི་ཁྲོད་ཀྱི་ཀྲུང་གོ་》དང་། 《ཀྲུང་གོའི་གྲངས་ཉུང་མི་རིགས་དང་གོ་ལ་ཧྲིལ་པོ་ཅན་》 《1900ལོ་ནས་1949ལོ་བར་གྱི་ཀྲུང་གོའི་འགྱུར་ལྡོག་》སོགས་ཡོད། 2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཚོགས་ཐོག་གསུང་བཤད་གནང་སྐབས“དགེ་རྒན་ཆེ་མོ་བ་མཱ་ཁེ་ལིན་གྱིས་འབད་བརྩོན་ལྷོད་མེད་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་འཆམ་མཐུན་ཡོང་བའི་ཐད་སྦྲེལ་ཟམ་ཞིག་བཙུགས་ཡོད”ཅེས་གསུངས་པ་རེད།
         “གལ་སྲིད་ང་ལ་སྐད་ཆ་ཚིག་གཅིག་གི་ཐོག་ནས་དེང་རབས་ཀྱི་ཀྲུང་གོར་སྙིང་བསྡུས་བྱེད་བཅུག་ན་དེ་ནི‘འཕེལ་རྒྱས’ཞེས་པ་དེ་ཡིན། རང་ཉིད་ངོ་མས་ཀྲུང་གོའི་འཕེལ་རྒྱས་ཉམས་སུ་མྱོང་རྒྱུ་བྱུང་བ་ནི་ངའི་བསོད་ནམས་ཡིན”ཞེས་མཱ་ཁེ་ལིན་གྱིས་གླེང་སྟེགས་རིང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་ཅིང་། ཁོང་གིས“ཀྲུང་གོར་ཐེངས་དང་པོ་ཡོང་སྐབས་ད་ཆའི་འཕེལ་རྒྱས་འདི་ལྟ་བུ་ཡོང་སྲིད་པ་བསམ་ཡུལ་ལས་འདས་སོང”མཱ་ཁེ་ལིན་གྱིས་ཀྲུང་གོར་འཚམས་འདྲི་བྱེད་རིང་རང་ཉིད་ཀྱིས་སྤྱོད་མྱོང་ཡོད་པའི་ལག་ཐོགས་ཁ་པར་ཞིག་བཏོན་ཡོང་བ་དེ་ནི་ཚོན་ཁྲ་མེད་པའི་བརྙན་ཤེལ་དང་མཐེབ་མནོན་འཕྲུལ་ཆས་རིག་ནུས་མིན་པའི་ལག་ཐོགས་ཁ་པར་ཞིག་ཡིན་པ་རེད། “ལོ་20ཡི་གོང་ལག་ཐོགས་ཁ་པར་དེ་ལྟ་བུ་ཀྲུང་གོར་དར་ཁྱབ་བྱུང་མེད། ད་ཆ་མི་ཚང་མར་རིག་ནུས་ལག་ཐོགས་ཁ་པར་ཡོད་པ་དང་ལག་ཐོགས་ཁ་པར་ལ་བརྟེན་ནས་རྩིས་རྒྱག་པ་དང་ས་འོག་མེ་འཁོར་ནང་སྡོད་པ་སོགས་མཐོང་རྒྱུ་ཡོད་པས། ཀྲུང་གོར་དངོས་གནས་འཕེལ་རྒྱས་མགྱོགས་པོ་བྱུང་འདུག”ཅེས་ཧང་སངས་བའི་སྒོ་ནས་བརྗོད།
         ཀྲུང་གོའི་སྒོ་མོ་འབྱེད་ཚད་སྔར་བས་ཇེ་ཆེར་འགྲོ་བ་དང་། “ལོ་དེ་དག་རིང་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡས་ཁྱབ་ཁོངས་ཁག་གི་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་བཞིན་ཡོད། རང་ཉིད་ཀྲུང་གོར་ཐེངས་དང་པོ་ཡོང་སྐབས་གནམ་གྲུའི་ནང་ཀྲུང་གོ་བ་སྤྱིར་ན་མཐོང་རྒྱུ་མི་འདུག འོན་ཀྱང་ད་ཆ་ཀྲུང་གོ་བ་དེ་བས་མང་བ་ཕྱིར་བསྐྱོད་བཞིན་ཡོད”ཅེས་མཱ་ཁེ་ལིན་གྱིས་བརྗོད།
         མཱ་ཁེ་ལིན་གྱིས་ཞི་བའི་འཕེལ་རྒྱས་ཐད་རྒྱལ་སྤྱིའི་ཐོག་ཀྲུང་གོར་མི་རྣམས་ཀྱི་དགའ་བསུ་ཐོབ་ཡོད། ཀྲུང་གོས་གསར་གཏོད་ལྡན་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ཏེ་རྒྱལ་ཁབ་ཁག་དབར་མཉམ་ལས་གཏིང་ཟབ་དང་ཐུན་མོང་འཕེལ་རྒྱས་ཡོང་བར་ལས་སྟེགས་གལ་ཆེན་ཞིག་བསྐྲུན་ཡོད། དེས་རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་མ་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད། ཁོང་གིས“རྒྱུད་གཅིག་ལམ་གཅིག”གིས་མ་འོངས་པའི་ལོ་བཅུ་ཕྲག་རིང་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུའི་ཚོད་དཔག་བྱས་པ་རེད།
         མཱ་ཁེ་ལིན་གྱིས་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་དབར་ལྷག་བསམ་ཟོལ་མེད་ཡོང་བ་བྱ་རྒྱུ་དེ་ནི་གོ་འཛོལ་སེལ་བའི་ཐབས་ལམ་འབའ་ཞིག་རེད་ཅེས་བརྗོད། ཁོང་གིས་དམངས་ཁྲོད་ཀྱི་སྤེལ་རེས་དང་མཉམ་སྐུལ་བྱ་རྒྱུ་དེ་ནུབ་ཕྱོགས་བས་ཀྲུང་གོ་བ་དང་། ཀྲུང་གོའི་རིག་གནས་དང་སྤྱི་ཚོགས་ཐད་ཀར་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།