འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་31ཏུ་ཕྱི་རྒྱལ་དུ་བཅའ་སྡོད་ཉེན་དོན་འབྲེལ་གཏུག་
    དཔོན་64མངགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་31གི་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་37དུ་ཕྱི་རྒྱལ་དུ་བཅའ་སྡོད་ཉེན་དོན་འབྲེལ་གཏུག་དཔོན་64བཀོད་སྒྲིག་བྱས་པ་རེད།
           ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཕྱི་རྒྱལ་དུ་བཅའ་སྡོད་ཉེན་དོན་འབྲེལ་གཏུག་སྒྲིག་གཞི་ཁག་གིས་རྒྱལ་མཚམས་སྒྲོལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། ན་ནིང་གི་ལོ་མཇུག་བར་རྒྱལ་མཚམས་སྒྲོལ་བའི་གྱོད་གཞི་ཁག་4460ཐག་གཅོད་བྱེད་རོགས་བྱས་ནས་རང་རྒྱལ་དང་བཅའ་སྡོད་བྱ་ཡུལ་རྒྱལ་ཁབ་ལ་གཞོགས་འདེགས་བྱས་ཏེ་ཉེས་གསོག་དོགས་ཅན་1048འཛིན་བཟུང་དང་ཕྱིར་ལོག་བཏང་བ་རེད། ཧྥི་ལི་ཕིན་དང་ཐེ་ལན་སོགས་སུ་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གི་ཉེན་དོན་འབྲེལ་གཏུག་དཔོན་གྱིས་མཚམས་སྦྱོར་སྦྲེལ་མཐུད་ཧུར་ཐག་བྱས་ནས་རང་རྒྱལ་གྱི་སྤྱི་བདེ་ལས་ཁུངས་དང་གཞོགས་འདེགས་བྱས་ཏེ་རྒྱལ་མཚམས་སྒྲོལ་བའི་གློག་འཕྲིན་གྱི་ཁ་བསླུས་གྱོད་གཞི་ཆེ་གྲས་མང་པོ་རྩད་ཆོད་པ་རེད།
           དེ་དང་ཆབས་ཅིག་ཕྱི་རྒྱལ་དུ་བཅའ་སྡོད་ཉེན་དོན་འབྲེལ་གཏུག་སྒྲིག་གཞི་ཁག་གིས“མི་རྩ་བར་འཛིན་པའི”འདུ་ཤེས་ལྟར་ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱས་པ་རེད། ལྷོ་ཨ་ཧྥ་རི་ཁར་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གི་ཉེན་དོན་འབྲེལ་གཏུག་དཔོན་གྱིས་ས་གནས་དེ་གའི་གཏུམ་སྤྱོད་ཉེས་གསོག་ཐོན་མང་བ་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིར་གནོད་འཚེ་ཚབས་ཆེན་ཕོག་པའི་གནས་ཚུལ་ལ་དམིགས་ནས་ལྷོ་ཨ་ཧྥེ་རི་ཁའི་ཉེན་རྟོག་ཕྱོགས་གིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ་བདེ་འཇགས་བཞུགས་མོལ་ཚོགས་འདུ་དང་བདེ་འཇགས་ཀྱི་ཉེན་བརྡ་གཏོང་བ་སོགས་བྱེད་ཐབས་བརྒྱུད་ཉེས་གསོག་སྔོན་འགོག་གི་ཐབས་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་ནས་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་འདུ་ཤེས་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་བཏང་བ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། བཅའ་སྡོད་མངགས་གཏོང་བྱས་པའི་ཉེན་དོན་འབྲེལ་གཏུག་དཔོན་ནི་མིག་སྔར་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་ཁྲིམས་སྐྱོང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་རྒྱུན་སྤྱོད་ཀྱི་བྱེད་ཐབས་ཤིག་ཡིན། རང་རྒྱལ་གྱི་ཉེན་དོན་འབྲེལ་གཏུག་དཔོན་ནི་སྤྱི་བདེ་པུས་རང་རྒྱལ་གྱི་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཁང་དུ་མངགས་པ་དང་ཕྱི་འབྲེལ་མི་སྣའི་ཐོབ་ཐང་ཐོག་ནས་སྤྱི་བདེ་པུའུ་དང་བཅའ་སྡོད་བྱ་ཡུལ་རྒྱལ་ཁབ་(ས་ཁུལ)ཀྱི་ཚབ་བྱས་ནས་ཉེན་དོན་འབྲེལ་གཏུག་མཉམ་ལས་སོགས་ཀྱི་ལས་དོན་ཁག་སྤེལ་བའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།