འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་དུ་ཡུལ་སྐོར་ཉེན་རྟོག་རུ་ཆེན་14བཙུགས་པ། 

    འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཝུན་མིང་གིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། ཡུལ་སྐོར་དང་འབྲེལ་བའི་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་པ། ཡུལ་སྐོར་བའི་བདེ་འཇགས་ཚོར་སེམས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ན་ནིང་ནས་བཟུང་ཡུན་ནན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེད་དོན་ཡུལ་སྐོར་ཉེན་རྟོག་དཔུང་ཁག་བཙུགས་ཡོད། མིག་སྔར་ཁུན་མིང་དང་། ཏ་ལི། ས་དམ། པན་ན། བདེ་ཆེན་བཅས་ཀྲོའུ་དང་གྲོང་ཁྱེར་ལྔ་རུ་ཡུལ་སྐོར་ཉེན་རྟོག་ཉིང་ལག་རུ་ཁག་བཙུགས་ཡོད་པ་དང་། ཐེང་ཁྲུང་དང་རུའེ་ལི་སོགས་རྫོང་(གྲོང་ཁྱེར་དང་ཆུས)སྤྱི་བདེ་ཅུས་14ལ་ཡུལ་སྐོར་ཉེན་རྟོག་རུ་ཆེན་14བཙུགས་པས། ད་ཆ་ཞིང་ཆེན་ཡོངས་སུ་ཡུལ་སྐོར་ཉེན་རྟོག་པའི་ཆེད་འགན་འཁུར་མཁན་148དང་ཡུལ་སྐོར་ཉེན་རྟོག་པའི་ལས་རོགས་ཀྱི་ཆེད་འགན་འཁུར་མཁན་400ལྷག་ཙམ་ཡོད་པ་རེད།
           “རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཡུལ་སྐོར་ཁྲོམ་རའི་བདེ་འཇགས་སྒྲིག་ལམ་བཅོས་སྒྲིག་ལས་དོན་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་འདི་ལོའི་ལས་དོན་གྱི་ནང་དུ་བཅུག་པ་དང‘འགོ་ཁྲིད་ཨང་དང་པོ’ངོ་མས་དམ་འཛིན་བྱེད་ཀྱི་ཡོད”ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་རེན་ཅུན་ཧའོ་ཡིས་ཡུལ་སྐོར་ཉེན་རྟོག་པར་མང་ཚོགས་ཀྱི་ཉེན་བརྡ་འབྱོར་རྗེས་ངེས་པར་དུ་ཐོག་མའི་དང་ལེན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་དང་སྐར་མ“1དང་3དང་5”ཡི་ནང་ཚུན་དུ་ཉེན་རྟོག་པ་ཕྱོགས་ཡོངས་ནས་རྡོག་ཐོན་ལས་སྒྲུབ་ཐུབ་པར་བྱས་ཏེ་རང་ཉིད་ཀྱི་དོ་དམ་བྱེད་ཁོངས་ཀྱི་གྱོད་གཞི་དུས་ཐོག་ཏུ་བདག་སྤྲོད་བྱེད་པ་དང་། རང་ཉིད་ཀྱི་དོ་དམ་བྱེད་ཁོངས་སུ་མི་གཏོགས་པའི་གྱོད་གཞི་རང་འགུལ་ངང་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་ལ་རྩིས་སྤྲོད་དགོས་པའི་བླང་བྱ་བཏོན་པ་རེད།
          ཡུན་ནན་གྱི་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་གི་བླང་བྱ་གཞིར་བཟུང་། ཡུན་ནན་ཉེན་རྟོག་ཕྱོགས་ཀྱིས་འདི་ལོའི་ཟླ་4ཚེས་1ཉིན་ནས་བཟུང་དུས་ཡུན་ལོ་གཅིག་རིང་ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་ཁྲོམ་རའི་བདེ་འཇགས་སྒྲིག་ལམ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཁུན་མིང་དང་། པའོ་ཧྲན། པན་ན། ཏ་ལི། ཏེ་ཧུང་། ས་དམ། བདེ་ཆེན་སོགས་བཅོས་སྒྲིག་བྱ་ཁུལ་གཙོ་གནད་ཡིན་པའི་གཏན་འཁེལ་ཁ་གསལ་བྱས་ཡོད།
           འདི་ལོའི་ཟླ་4ཚེས་18ཉིན་ནས་ཟླ་9ཚེས་18ཉིན་བར་གྱི་ཟླ་བ་ལྔའི་ནང་ཚུན་དུ་ས་དམ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མགོ་སྐོར་གཏོང་བ་དང་། བཙན་ཤེད་ཀྱིས་ཉོ་རུ་འཇུག་པ། བཙན་ཤེད་ཀྱིས་འཚོང་བ་་སོགས་ཡུལ་སྐོར་དང་འབྲེལ་བའི་ཉེས་དོན་བདེ་འཇགས་གྱོད་གཞི་321མྱུལ་ཞིབ་ཐག་གཅོད་བྱས་པ་དང་མི་455ལ་རྡུང་རྡེག་བཏང་བ་དང་ཐག་གཅོད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།