འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གསེར་ཁོག་གི“མི་སེར་གྱི་སྐད་ཆའི་བར་ཁྱམས” 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཞོགས་པ་སྔ་པོ་མཚོ་སྔོན་གསེར་ཁོག་ཧུད་རིགས་དང་ཧོར་རིགས་རང་སྐྱོང་རྫོང་ཆའོ་ཐུའོ་གྲོང་རྡལ་བརྒྱད་གཅིག་སྡེ་ཁུལ་དུ་མི་ཚོགས་ཀྱིས་ཁེངས་པ་དེ་ནི“མི་སེར་གྱི་སྐད་ཆའི་བར་ཁྱམས”ཞེས་པ་དེ་རིང་སྡེ་ཁུལ་དུ་སླེབས་རྒྱུ་ཡིན་པས་རེད།
           ཐོག་སོ་གཉིས་པའི་ཚོགས་ཁང་ཆེ་མོ་འཁྱུག་ཙམ་ཞིག་ལ་མིས་ཁེངས་པ་དང་། སྟེགས་བུའི་ཐོག་གི་སྒྲོག་འགྲེལ་པ་གཅིག་ནི་ཀོང་ཏུང་ཧྲེན་ཀྲེན་ནས་ཡིན་པ་དང་ད་ལྟ་གསེར་ཁོག་ཏུ་ལས་གཏོད་བྱེད་པར་སླེབས་པའི་སྦྱིན་བདག་ཀུའུ་ཅུན་ལིནརེད། གཅིག་ཤོས་ནི་རང་འགན་ནན་སྒྲུབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་ཤིན་ཀྲོང་ལྟེ་གནས་རྒན་གསོ་ཁང་གི་ཡོན་ཀྲང་ཐང་ཧའེ་ཕུའུ་རེད།
          “སྐྱོ་པོ”ལས་མིང་ཆགས་པའི“དགུན་ཁའི་གཏམ་རྒྱུད”དྲངས་པ། ཀུའུ་ཅུན་ལིན་གྱིས་རང་ཉིད་བྱང་ཤར་དུ་སློབ་ཆེན་འགྲིམས་པ་དང་། ཀོང་ཀྲོའུ་རུ་ལས་ཀ་བྱས་པ། ཕ་ཡུལ་དུ་ལོག་ནས་སླར་ཡང་ལས་གཏོད་བྱས་པ་བཅས་ཀྱི་ལས་གཏོད་ལོ་རྒྱུས་བརྗོད་དེ་བརྩེ་དུང་ཟབ་མོའི་སྒོ་ནས་རང་ཉིད་ཀྱི་ལས་གཏོད་ལམ་བུ་དང་ཕ་ཡུལ་དུ་ལོག་ནས་ཡུལ་མི་སྤུན་མཆེད་ཚོའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་ལས་གཏོད་བྱས་པའི་ཆོད་སེམས་སྐོར་གླེང་། གཞོན་ནུ་མང་པོ་ཞིག་གི་བློ་སྒོ་ཕྱེ་ནས་མཐར་ཚང་མས་ཀུའུ་ཅུན་ལིན་ལ་ཁ་པར་ཨང་གྲངས་དགོས་ལུགས་བརྗོད་པ་དང་ཆབས་ཅིག་ཁོང་གི་ས་ནས་ཕྱུག་འགྱུར་ཐབས་ལམ་སྦྱངས།
         “རྒན་རྒོན་ལ་བསྙེན་བཀུར་བྱེད་པ་ནི་རྒན་རྒོན་ཚོའི་ད་ལྟ་ཡིན་ལ་འདིར་བཞུགས་ཚང་མའི་འབྱུང་འགྱུར་ཡང་རེད། ང་ཚོས་ཁོང་ཚོར་དངོས་པོའི་རྒྱབ་སྐྱོར་དང་བསམ་པའི་རོགས་རམ་མང་ཙམ་བྱེད་དགོས”ཞེས་ཐང་ཧའེ་ཕུའུ་ཡིས་གསེར་ཁོག་གི་སྐད་ནས་རང་ཉིད་ཀྱི་གཏམ་རྒྱུད་བརྗོད་པ་དང་། སེམས་འགུལ་རབ་ཏུ་ཐེབས་པའི་སྐད་ཆ་བཤད་པས་སྟེགས་བུའི་འོག་གི་ཉན་མཁན་མང་པོ་ཞིག་ཁོང་དང་འདྲ་བར་མིག་ཆུ་དབང་མེད་དུ་ཤོར།
         གསེར་ཁོག་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཅིན་ཧུའེ་ཡིས། 2014ལོར་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་གསེར་ཁོག་རྫོང་གི་དེ་སྔའི“མི་སེར་གྱི་སྒྲོག་འགྲེལ་ཚོགས་པ”དེ“མི་སེར་གྱི་སྐད་ཆའི་བར་ཁྱམས”ལ་རིམ་པ་སྤར་བ་དང་ཆབས་ཅིག“སྒྲོག་འགྲེལ་ཚོགས་པའི་ཤེས་ལྡན་མི་སྣའི་མཛོད”དང་སྤྱི་ཚོགས་ལས་རིགས་ཁག་གིས་སྒྲོག་འགྲེལ་དཔུང་ཁག་ཅིག་བཙུགས་པ་རེད།
         བརྒྱད་གཅིག་སྡེ་ཁུལ་གྱི་ལས་དོན་མི་སྣ་ཧྥང་ཧའེ་ལན་གྱིས། དེ་སྔ་སྙན་ཞུ་ཉན་རྒྱུའི་སྐུལ་སློང་ཐེངས་མང་བྱས་ཀྱང་མི་ཁ་ཤས་ལས་ཡོང་མཁན་མེད། “མི་སེར་གྱི་སྐད་ཆའི་བར་ཁྱམས”ཞེས་པ་བཙུགས་པ་ནས་བཟུང་གྲོང་མིའི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་པ་མ་ཟད་ཚང་མས་དེ་འདྲའི་སྒྲོག་འགྲེལ་ལས་ཉོབ་མདངས་སེལ་བ་མ་ཟད་དེ་བས་སྐོམ་པའང་སེལ་ཐུབ་པའི་ངོས་འཛིན་བྱེད་ཀྱི་འདུག་ཅེས་བཤད།
         ཤང་ཅིན་ཡུས་ནི“མི་སེར་གྱི་སྐད་ཆའི་བར་ཁྱམས”ཐོག་མར་སྒྲིག་འཛུགས་བྱེད་མཁན་ཞིག་ཡིན་པ་དང་། ཁོང་གིས“‘མི་སེར་གྱི་སྐད་ཆའི་བར་ཁྱམས’ཀྱིས་མི་སེར་ལ་ཕན་པ་ཐོབ་ཡོད་ལ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་མགྱོགས་མྱུར་འཚར་ལོངས་བྱུང་ནས་དོན་སྙིང་ཟབ་ལ་གོ་བདེ་པོས་སློབ་ཚན་ཡག་པོ་འཁྲིད་ཐུབ་པ་དང་། ང་ཚོས་རང་འགུལ་ངང་ཡིག་ཆའི་དགོངས་དོན་ཆ་ཚང་རྟོགས་ཐུབ་ཆེད། མི་སེར་གྱིས་ཇི་ལྟར་བྱས་ཏེ་དང་ལེན་ཐུབ་བདེ་ཐུབ་པར་བསམ་གཞིག་བྱེད་པའི་ཐད‘མི་སེར་གྱི་སྐད་ཆའི་བར་ཁྱམས’དེའང་ང་ཚོའི་ཁོངས་མི་ཚང་མས་མུ་མཐུད་སློབ་སྦྱོང་བྱེད་པའི་ལས་སྟེགས་ཤིག་རེད”ཅེས་བཤད།
         སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལུའུ་གོ་ཧའེ་ནི་རྫོང་སྒྲིག་ཨུད་ཀྱི་ལས་བྱེད་པ་ཞིག་རེད། ཁོང་གིས“མི་སེར་གྱི་སྐད་ཆའི་བར་ཁྱམས”ཀྱི་ཁྱད་ཆོས་གསུམ་ཕྱོགས་སྡོམ་བྱས་པ་སྟེ། གཅིག་ནི“ཁ་ལག་མངགས་པའི་ཞབས་ཞུ”ཡིན་པ་དང་། ཁོངས་མི་ཚང་མར་རང་ཉིད་ལ་ཕུལ་དུ་བྱུང་བའི་སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོ་རེ་ཡོད་པ་དང་། གྲོང་ཚོ་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ཚང་མས་གང་དགོས་དེ་མངགས་དང་། གཉིས་ནི་མང་ཚོགས་དང་འབྲེལ་འདྲིས་བྱེད་པ། ལས་ཁུངས་ཚན་པར་སྒྲོག་འགྲེལ་བྱེད་སྐབས་སྤྱི་སྐད་ཤོད་པ་དང་གྲོང་གསེབ་ཏུ་གསེར་ཁོག་གི་སྐད་ནས་སྒྲོག་འགྲེལ་བྱས་ཏེ་ཉན་མཁན་ཕན་ཚུན་སྤེལ་རེས་དང་འདྲི་བ་འདོན་པ་དང་ལན་འདེབས་རིང་མང་ཚོགས་དང་འབྲེལ་འདྲིས་ཆེ་རུ་གཏོང་བ། གསུམ་ནི་ཁྱོན་ཡོངས་ལ་ཁྱབ་པ། གྲོང་གསེབ་དང་། ཁེ་ལས། སློབ་གྲྭ ལས་ཁུངས། དམག་སྒར་སོགས་སུ་བསྐྱོད་ནས་སྒྲོག་འགྲེལ་ཁྱབ་ཁོངས་དང་། སྒྲོག་འགྲེལ་ལས་རིགས། སྒྲོག་འགྲེལ་ཁོངས་གཏོགས་བཅས་ཚང་མར་ཁྱབ་པར་བྱེད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།