འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱ་མཚོའི་ཚན་རྩལ་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན་ཀྲེ་ཅང་དབུན་ཀྲོའུ་རུ་གཉེར་བའི་ཀྲུང་གོའི་རྒྱ་མཚོ་འཕེལ་རྒྱས་ཞིབ་འཇུག་ཚོགས་འདུའི་2017ལོའི་ལོ་ཚོགས་ཐོག་《རྒྱལ་ཁབ་ཀྱི་རྒྱ་མཚོའི་གསར་གཏོད་སྟོན་གྲངས་སྙན་ཞུ2016》(གཤམ་ལ་《སྙན་ཞུ་》ཞེས་བསྡུ་རྒྱུ)དངོས་སུ་ཡོངས་བསྒྲགས་བྱས་ཡོད། 《སྙན་ཞུའི་》ནང་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རྒྱ་མཚོའི་ཚན་རྩལ་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་ཆེན་པོ་ཕྱིན་ནས་2015ལོར་རྒྱ་མཚོའི་ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་བྱེད་ཚད་50.4%ཟིན་པ་དང་དེའི་ནང་རྒྱ་མཚོའི་ཁེ་ལས་གསར་གཏོད་ཀྱི་ཆ་ཤས་སྟོན་གྲངས་ཆེས་ཆེར་འཕར་ནས་རྒྱལ་ཁབ་ཀྱི་རྒྱ་མཚོའི་གསར་གཏོད་སྟོན་གྲངས་ལ་ལེགས་སྐྱེས་འབུལ་ཚད་མངོན་གསལ་དོད་པོ་བྱུང་ཚུལ་མངོན་ཡོད་པ་རེད།
          རྒྱལ་ཁབ་རྒྱ་མཚོ་ཅུས་རྒྱ་མཚོ་སུའོ་དང་པོའི་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིའུ་ཏ་ཧའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་རྒྱ་མཚོའི་གསར་གཏོད་སྟོན་གྲངས་ནི་རྒྱལ་ཁབ་དང་ས་ཁོངས་ཤིག་གི་རྒྱ་མཚོའི་གསར་གཏོད་ནུས་པར་ཞིབ་བསྡུར་བྱེད་པ་ཞིག་ཡིན་པས་དེས་རྒྱ་མཚོའི་གསར་གཏོད་སྤུས་ཚད་དང་ལས་ཕྱོད་ཀྱི་ཕྱོགས་བསྡུས་སྟོན་གྲངས་ཏན་ཏིག་མངོན་གྱི་ཡོད། 《རྒྱལ་ཁབ་ཀྱི་རྒྱ་མཚོའི་གསར་གཏོད་སྟོན་གྲངས་སྙན་ཞུ་2016》གིས་རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ས་ཁོངས་ཀྱི་དཔེ་སྟོན་དང་། རང་རྒྱལ་གྱི་རྒྱ་མཚོའི་ཚན་རྩལ་ཐད་ཀྱི་མ་འཇོག་ཐོན་སྐྱེད་ལས་ཕྱོད། རྒྱལ་སྤྱིའི་རྒྱ་མཚོའི་ཚན་རྩལ་ཞིབ་འཇུག་གནས་ཚུལ་སོགས་ལ་ཆེད་དོན་དབྱེ་ཞིབ་བྱས་པས་རང་རྒྱལ་གྱི་རྒྱ་མཚོའི་གསར་གཏོད་སྤུས་ཚད་དང་ལས་ཕྱོད་ཏན་ཏིག་ངང་མངོན་ཐུབ་པ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།