འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས"ལག་ཁྱེར་ཉི་ཤུ་ཆིག་སྒྲིལ"བཏང་ནས"ལག་ཁྱེར་ཉུང་འཕྲི"ལས"ལས་ཁུངས་
    ཁུ་བསྡུར"ཕན་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན་ནས་བཟུང་། སི་ཁྲོན་གྱིས་དེ་སྔའི“ལག་ཁྱེར་ལྔ་ཆིག་སྒྲིལ་དང་། ཨང་རྟགས་ལོགས་བཀོད”ཀྱི་རྨང་གཞིའི་ཐོག་སྤྱི་བདེ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཚོང་དོན། འགྲིམ་འགྲུལ་སྐྱེལ་འདྲེན། ཡུལ་སྐོར། འགག་སྒོ་བཅས་སྡེ་ཚན་(ཚན་པ)དྲུག་གི་ཁེ་ལས་ཀྱི་ཨང་རྟགས་དང་འབྲེལ་བའི་དོན་གནད་15ཡི་ལས་གཉེར་ལག་ཁྱེར་སྔར་བས་བསྡུ་སྒྲིལ་བྱས་ཏེ་ཞིང་ཆེན་ཡོངས་སུ“ལག་ཁྱེར་ཉི་ཤུ་ཆིག་སྒྲིལ”བཏང་ནས། ཞིང་ལས་དང་བཟའ་བཅའ་སྨན་རྫས་ལྟ་སྐུལ་སྡེ་ཚན་གྱི་ཁེ་ལས་ཀྱི་ཨང་རྟགས་དང་འབྲེལ་བའི་དོན་གནད་2གནས་སྐབས་མཚམས་འཇོག་བྱ་རྒྱུ་རེད། སྒྱུར་བཅོས་དེ་ནི་སི་ཁྲིན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་ཚེས་22ཉིན་བཀྲམས་པའི་《སི་ཁྲོན་ཞིང་ཆེན་གྱིས“ལག་ཁྱེར་ལྔ་ཆིག་སྒྲིལ”སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞིའི་》ནང་བཏོན་ཡོད་པ་རེད།
           ཇུས་གཞིའི་ནང་། “སྐར་ཁུང་གཅིག་ནས་བདག་སྤྲོད་དང་། སྡེ་ཚན་མང་པོས་མཉམ་སྤྱོད། ཆ་འཕྲིན་ཕན་ཚུན་ཁས་ལེན། ལག་ཁྱེར་མང་པོ་ཆིག་སྒྲིལ”བཅས་བྱས་པ་བརྒྱུད།“གྲངས་གཞིའི་དྲ་རྒྱ་སྤྱད་དེ་ཁེ་ལས་གང་སར་འགྲོ་མི་དགོས་པ”བྱུང་ནས་ཁྱབ་ཁོངས་དང་བང་རིམ་སྔར་བས་མང་བའི་སྒོ་ནས་སྡེ་ཚན་དབར་གྱི་ཁེ་ལས་ཀྱི་རྨང་གཞིའི་ཆ་འཕྲིན་དང་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་དང་ལས་སྒོ་མཐུན་སྦྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          ཇུས་གཞི་ལྟར་ན། སི་ཁྲོན་གྱིས་གཅིག་འཐུས་རྣམ་པའི་ཞབས་ཞུའི་ལས་ཀའི་ལམ་སྲོལ་ལག་ལེན་བསྟར་ཏེ་ཁེ་ལས་ཀྱིས་བཟོ་ཚོང་(ཁྲོམ་ར་ལྟ་སྐུལ་དོ་དམ)གི་ཐོ་འགོད་སྐར་ཁུང་ནས་ཐོ་འགོད་དཔྱད་གཞི་སྤྲད་རྗེས་ལག་ཁྱེར་ཟླ་སྒྲིལ་ཞིབ་དཔྱད་སྡེ་ཚན་ནས་བསྐྱར་དུ་དཔྱད་གཞི་བྱེད་མི་དགོས་པ་དང་། བཟོ་ཚོང་(ཁྲོམ་ར་ལྟ་སྐུལ་དོ་དམ)གི་སྡེ་ཚན་གྱིས“དཔྱད་གཞི་རེ་དང་། ཐོ་འགོད་རེའུ་མིག་རེ། སྐར་ཁུང་གཅིག་ནས་བདག་སྤྲོད་བྱེད་པའི”ལས་ཀ་བྱེད་སྟངས་ལ་གཞིགས་ནས་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཨང་རྟགས་ཡོད་པའི་ལས་གཉེར་ལག་ཁྱེར་སྤྲོད་རྒྱུ་རེད།
          དེ་དང་ཆབས་ཅིག་ཟླ་སྒྲིལ་བཏང་བའི་ལག་ཁྱེར་བསྐྱར་དུ་མི་སྤྲོད་པ་དང་། “ལག་ཁྱེར་མང་པོ་ཆིག་སྒྲིལ་དང་། ཨང་རྟགས་ལོགས་འགོད”ལག་ལེན་བསྟར་རྒྱུ་དང་། ཟླ་སྒྲིལ་གཏོང་རྒྱུའི་དོན་གནད་འགར་ལས་སྒོ་གཉེར་དགོས་པ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་དགོས་པ་ཡོད་རིགས་ཁེ་ལས་ཀྱིས་འབྲེལ་ཡོད་སྡེ་ཚན་(ཚན་པ)ནས་ཤོག་བུའི་ལག་ཁྱེར་ཐད་ཀར་ལེན་པར་ཡོང་ན་འགྲིག གཉེར་མཚམས་བཞག་པའི་དོན་གནད་ལ་ཞིབ་མཆན་ནམ་ཡང་ན་ཐོ་འགོད་བསྐྱར་མ་མི་བྱ་རྒྱུ་དང་། གཉེར་མཚམས་འཇོག་རིང་། གསར་དུ་ལས་འགོ་བརྩམ་རྒྱུའི་དགོས་པ་ཡོད་རིགས་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་ལག་ལེན་བསྟར་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།