འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བྱང་སྣེའི་ཁྱགས་རུམ་རྒྱ་མཚོ་བྱང་མ་བསྐོར་བའི་རྟོག་ཞིབ་ཐོག་མ་ལེགས་གྲུབ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན་རང་རྒྱལ་གྱི་ཐེངས་བརྒྱད་པའི་བྱང་སྣེའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཁྲུའུ་ཁུ་ཆི་རྒྱ་མཚོའི་མཐའ་མའི་ས་ཚིགས་སུ་རྟོག་ཞིབ་ལས་དོན་བསྒྲུབས་རྗེས་པའེ་ལིང་མཚོ་འགག་བརྒྱུད་པའེ་ལིང་རྒྱ་མཚོར་བསྐྱོད་དེ་བྱང་སྣེའི་ཁྱགས་རུམ་རྒྱ་མཚོ་བསྐོར་བའི་རྟོག་ཞིབ་ཐོག་མ་དེ་ལེགས་གྲུབ་བྱུང་བ་རེད།
           ཀྲུང་གོ་ཚན་ཞིབ་རུ་ཁག་གིས་ཟླ་7ཚེས་31ཉིན་བྱང་སྣེའི་ཁྱགས་རུམ་རྒྱ་མཚོ་བསྐྱོད་ཅིང་། ད་ཐེངས་ཀྱི་བྱང་སྣེའི་ཁྱགས་རུམ་རྒྱ་མཚོ་བསྐོར་བའི་རྟོག་ཞིབ་ནང་བྱང་སྣེའི་ཁྱགས་རུམ་རྒྱ་མཚོ་བྱང་མའི་མཚོ་ཁུལ་དུ་མཚོ་ལམ་དཀྱིལ་མ་བརྒྱུད་ཚན་རིག་རྟག་ཞིབ་ཀྱི་ལས་དོན་སྤེལ་བ་དང་། པའེ་ལིང་རྒྱ་མཚོ་དང་། ཁྲུའུ་ཁུ་ཆི་རྒྱ་མཚོ་སོགས་ཀྱི་མཚོ་ཁོངས་སུ་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ཞིབ་ཚགས་སྤེལ་བ་མ་ཟད། རང་རྒྱལ་གྱིས་ལཱ་པུ་ལཱ་ཏོ་རྒྱ་མཚོ་དང་པཱ་ཧྥན་མཚོ་ཁུག་སོགས་མཚོ་ཁོངས་སུ་བརྟག་དཔྱད་བྱེད་མྱོང་མེད་པའི་སྟོང་ཆ་ཡང་གསབ་པ་རེད།
          ད་ཐེངས་ཀྱི་རྟོག་ཞིབ་ནང་ཚན་ཞིབ་རུ་མི་ཚོས་ཁྱོན་མཚོ་དར་ས་ཚིགས་7དང་རྒྱ་མཚོའི་ས་ཚིགས་49ལ་ཚན་ཞིབ་ཀྱི་ལས་དོན་སྤེལ་བ་མ་ཟད། རྒྱ་མཚོའི་རྨང་གཞིའི་ཁོར་ཡུག་དང་། མཚོ་དར། སྐྱེ་དངོས་སྣ་མང་རང་བཞིན། རྒྱ་མཚོའི་འགྱིག་ཤོག་གད་སྙིགས་སོགས་རྒྱུ་རྐྱེན་གཙོ་བོར་བྱས་པའི་རིག་ཚན་མང་བའི་ཕྱོགས་བསྡུས་བརྟག་དཔྱད་ཀྱི་ལས་དོན་ཡང་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།