འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་རུ་ཁག་ཀྲུང་གོའི་ག་པ་རིམ་པའི་མཉམ་འབྲེལ་འགྲན་བསྡུར་གྱི་ལེགས་གྲས་བརྒྱད་ལ་ཚུད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན། ལྷ་སའི་མ་འཇོག་རུ་ཁག་2017ལོའི་ཧྲན་ལིན་དངུལ་རྩ་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ལས་ཞོར་མཉམ་འབྲེལ་འགྲན་བསྡུར་གྱི་མཐའ་བསྡུར་གྱི་ལེགས་གྲས་བརྒྱད་ལ་ཚུད་པ་རེད།
         ཚེས་17ཉིན་ལྷ་སའི་མ་འཇོག་རུ་ཁག་གིས་ཧྲེན་ཀྲེན་རུ་1:2གི་ཐོག་ནས་ཧྲན་ཀྲེང་ཕང་ཁྲེང་ཁའེ་ཧོ་ཧུད་རུ་ཁག་ལས་ཕམ་ཀྱང་འགྲན་ཐེངས་དང་པོར་3:1གི་གྲུབ་འབྲས་ཐོབ་པར་བརྟེན། ལྷ་སའི་རུ་ཁག་སྤྱིའི་སྐར་གྲངས་4:3གྱི་ཐོག་ནས་ལེགས་གྲས་བརྒྱད་ལ་ཚུད་པ་རེད།
         ལེགས་གྲས་བརྒྱད་ནང་ཚུད་རྗེས་ཚེས་24ཉིན་ལྷ་སའི་རུ་ཁག་གིས་ནའོ་པའོ་གཟའ་ཉི་མའི་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད།
         ལྷ་སའི་རུ་ཁག་གི་རུ་དཔོན་དབང་འདུས་ཀྱིས་གསར་འགོད་པར་ལྷ་སའི་རུ་ཁག་མཐའ་བསྡུར་ནང་ཚུད་རྗེས་ཀྲུང་གོ་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་འགོ་ཁྲིད་ཀྱིས་ལྷ་སར་རྟོག་ཞིབ་གནང་བ་དང་འགྲན་རའི་ནང་སྤོ་ལོ་རྒྱག་པ་དང་རྒྱུག་ཤར་གློད་དེ་གསོ་རླུང་ཁ་གསབ་ཀྱི་བྱེད་ཐབས་ལ་གྲོས་བསྡུར་གནང་མཐར་རོལ་རྩེད་ཁང་དང་བོད་ལྗོངས་ལུས་རྩལ་ཅུས་དབར་བསམ་ཚུལ་གཅིག་མཐུན་བྱུང་ནས་ལྷ་སར་འགྲན་ར་སྙན་ཞུ་བྱས་པ་དང་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།