འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་43.3བཏང་ནས་བོད་རིགས་དང་།ཆའང་རིགས། 
    དབྱི་རིགས་ཀྱི་རིག་གནས་ཐོན་ལས་ཀྱི་བར་ཁྱམས་གཙོ་གནད་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་མྱུར་བའི་དུས་སུ་སླེབས་པའི་མཚམས་འདིར་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་རྣམ་གྲངས་མཛོད་བསྐྲུན་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་དཔེ་སྟོན་གླིང་དང་། བོད་རིགས་དང་། ཆའང་རིགས། དབྱི་རིགས་ཀྱི་རིག་གནས་ཐོན་ལས་ཀྱི་བར་ཁྱམས། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་བཅས་འཛུགས་སྐྲུན་གྱི་རྣམ་གྲངས་ཆེན་པོ་གསུམ་གཏན་ལ་ཁེལ་ནས་མཛོད་དུ་ཚུད་པའི་རྣམ་གྲངས་119ཟིན་ཞིང་། དེ་དག་ལས་བོད་རིགས་དང་། ཆའང་རིགས། དབྱི་རིགས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་ཀྱི་རྣམ་གྲངས་གཙོ་བོ་19ཁྱོན་ཡོངས་ནས་འགོ་བརྩམས་པར་མ་རྩ་སྒོར་དུང་ཕྱུར་43.3ཟིན་གྱི་ཡོད།
         བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོའུ་ཧུང་དབྱང་གིས་ངོ་སྤྲོད་བྱས་དོན། བོད་ཀྱིས་རིག་གནས་ཐོན་ལས་ནི་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་དེ་བཞིན་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྤུས་ཕན་མཐོར་གཏོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་2020ལོར་སླེབས་སྐབས་རིག་གནས་ཐོན་ལས་རང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་གསར་པ་ཞིག་ཏུ་སྐྱེད་སྲིང་བྱེད་པའི་དམིགས་ཚད་བཏོན་ཡོད་པ་རེད། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རིམ་པས་ཆགས་བཞིན་ཡོད་པ་དང་། ས་གནས་དང་གྲོང་ཁྱེར་ཁག་གིས་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་ཞིབ་འཇུག་ལ་ཤུགས་སྣོན་རྒྱུན་མི་ཆད་པ་བརྒྱབ་ནས་རིག་གནས་ཐོན་ལས་ཀྱི་ས་ཁོངས་རང་བཞིན་གྱི་འབྲེལ་བ་ལུགས་མཐུན་ངང་སྐུལ་སྤེལ་དང་འཕེལ་རྒྱས་བཏང་སྟེ་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ས་ཁོངས་གཅིག་འདུས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་གཏང་གཞིའི་འཆར་འགོད་གྲུབ་པར་བྱས་ཡོད།
          2016ལོའི་ལོ་མཇུག་ཏུ་བོད་ལ་རིག་གནས་ཐོན་ལས་སྣ་ཚོགས་4680དང་ལས་མི་ཁྲི་3.2ཡོད་པ་དག་གིས་ལོ་ཧྲིལ་པོར་རིག་གནས་ཐོན་ལས་ཀྱི་མ་དངུལ་སྒོར་དུང་ཕྱུར་25.1བཀུག་པ་དང་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་34.5ཟིན་པ་དེས་རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་3.01%(ལྗོངས་ཡོངས་ཀྱི་GDPསྒོར་དུང་ཕྱུར་1148ཟིན་པ)བཟུང་བ་དང་ལོའི་ཆ་སྙོམས་འཕར་ཚད་15%ཡན་རྒྱུན་འཁྱོངས་ཐུབ་ཡོད། རིག་གནས་ཐོན་ལས་ཀྱིས་བོད་ཀྱི་ས་ཁུལ་གྱི་དཔལ་འབྱོར་འཕར་བར་ནུས་པ་འདོན་ཚད་མངོན་གསལ་དོད་དུ་སོང་བ་དང་ཆབས་ཅིག རང་ལྗོངས་ཀྱི་གནད་སྨིན་དབུལ་སྒྲོལ་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁྲོད་རིག་གནས་ཐོན་ལས་ཀྱིས་ནུས་པ་ཆེན་པོ་འདོན་རྒྱུ་རེད། ཚོད་རྩིས་རགས་ཙམ་བྱས་ན། 2020ལོར་སླེབས་སྐབས། རིག་གནས་ཐོན་ལས་ཀྱིས་མི་ཁྲི་ལ་ཉེ་བ་སྣེ་ཁྲིད་བྱས་ནས་དབུལ་སྒྲོལ་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།