མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
         ཐེ་རོན་ཕུ་ཡིས་དང་ཐོག་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་འབྲེལ་གཏུག་དམ་ཟབ་དང་ལས་ཀའི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་ཐུབ་པར་མི་རྣམས་བློ་ཡིད་ཚིམ་པ་ཞིག་ཡོད། འདི་ལོ་ཨ་ཀྲུང་རྒྱལ་ཁབ་གཉིས་པོར་རྒྱལ་ནང་གི་གྲོས་རིམ་གལ་ཆེན་ཡོད་པས་གྲོས་རིམ་དེ་དག་བདེ་བླག་ཡོང་རྒྱུའི་རེ་བ་ཡོད། མི་རིང་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུར་ངས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ད་ཐེངས་ཀྱི་འཚམས་འདྲིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་ལྷན་དུ་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་རྒྱུན་གཏན་རང་བཞིན་གྱི་འབྲེལ་གཏུག་རྒྱུན་འཁྱོངས་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོར་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ལྡན་ཡོད།
         མིག་སྔར་ཁྱབ་ཁོངས་ཁག་དབར་འགྲོ་འོང་དང་མཉམ་ལས་བྱེད་པའི་གནས་ཚུལ་བཟང་པོ་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དང་རིམ་པ་ཁག་དབར་འགྲོ་འོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རེས་སྐོར་དང་པོའི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གླེང་མོལ་དང་ཁྲིམས་འཛིན་དང་དྲ་རྒྱའི་བདེ་འཇགས་ཀྱི་གླེང་མོལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་དགོས། སྐུ་ཞབས་ཙུང་ཐུང་གིས་འདི་ལོའི་ནང་ཚུན་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་བྱས་ཏེ་ད་ཐེངས་ཀྱི་འཚམས་འདྲིར་གྲུབ་འབྲས་ཡག་པོ་ཐོན་པའི་འགན་ལེན་བྱས་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་སྒུལ་ཤུགས་གསར་པ་སྣོན་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཉེ་ཆར་ཨ་རིར་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་བསྟུད་མར་ཕོག་པར་ཐེ་རོན་ཕུ་དང་ཐེ་རོན་ཕུ་བརྒྱུད་ནས་ཨ་རིའི་མི་དམངས་ལ་ཐུགས་གསོའི་འཚམས་འདྲི་གནང་བ་རེད། ཐེ་རོན་ཕུ་ཡིས་དེའི་ཐད་ཐུགས་རྗེ་ཆེ་ཞུས་པ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མིག་སྔའི་ཁྲའོ་ཞན་ཕྱེད་གླེང་གི་དུས་བབ་ཐད་གཟིགས་ཚུལ་སྤེལ་རེས་གནང་བ་རེད།