འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་གནམ་གྲུའི་ཐོག་ཁྱེར་བདེའི་གློག་རྡུལ་སྒྲིག་ཆས་བེད་
    སྤྱོད་ཀྱི་བཀག་རྒྱ་མེད་པར་བཟོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་འཕུར་སྐྱོད་ཚད་གཞི་སིའི་སི་ཀྲང་གཞོན་པ་ཀྲུའུ་ཐའོ་ཡིས་ཚེས་18ཉིན་འཚོགས་པའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཁའ་འགྲུལ་ཀུང་སིས་ཁྱེར་བདེའི་གློག་རྡུལ་སྒྲིག་ཆས་ཀྱི་ཤུགས་རྐྱེན་ལ་དཔྱད་དཔོག་བྱེད་རྒྱུར་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་མོས་མཐུན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་དང་འབྲེལ། དུས་ཡུན་རིང་པོ་མི་འགོར་བར་འགྲུལ་པས་ཀྲུང་གོ་མཁའ་འགྲུལ་ཀུང་སིའི་གནམ་གྲུའི་ཐོག་དེ་མཚུངས་ཀྱི་ཁྱེར་བདེའི་གློག་རྡུལ་སྒྲིག་ཆས་སྤྱོད་ཆོག་རྒྱུ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།