འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ལེའོ་ཉིང་ཧྲེན་དབྱང་སོགས་ས་གནས་ཁག་ཏུ་ཅོང་རྡུང་བ་དང་ཉེན་ཟོན་དུང་བརྡ་སྒྲོག་པའི་
    མཛད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་18ཐོག་ཧྲེན་དབྱང་གི་མཁའ་དབྱིངས་སུ་མཁའ་ཟོན་ཉེན་བརྡ་གྲགས་པ་དང་གྲོང་ཁུལ་གྱི་ཁྲོམ་ལམ་གཙོ་བོར་འགྲོ་འོང་བྱེད་མཁན་འཁོར་རིགས་རྣམས་ཁ་བཀག་ནས་དུང་བརྡ་བཏང་སྟེ་མི་ཚོར་རྒྱལ་ཁབ་ཀྱི་མཚན་ཤས་མ་བརྗེད་པ་དང་ཀྲུང་ཧྭ་དར་རྒྱས་ཡོང་བའི་དྲན་སྐུལ་བྱས་ཡོད། ལེའོ་ཉིང་ཞིང་ཆེན་གྱི་གྲོང་ཁྱེར་གཞན་དག་13གྱིས་ཀྱང་དུས་གཅིག་ཏུ་མཁའ་ཟོན་ཉེན་བརྡ་སྒྲོག་སྟེ་རྒྱལ་ཁབ་ཀྱི་དཀའ་ཉེན་འཕྲད་པའི་ཉིན་མོར་མཉམ་དུ་དྲན་གསོ་ཞུས་པ་རེད།
         ཧྲེན་དབྱང་གི“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དེ་1931ལོའི“དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་བྱུང་སའི་ནན་མན་ལྕགས་ལམ་ལིའུ་ཐེའོ་མཚེའུ་ལམ་དུམ་དང་བར་ཐག་སྨི་800ལས་མེད། ཚེས་18ཉིན་གྱི་ཆུ་ཚོད་9པར་ལེའོ་ཉིང་ཏང་སྲིད་དམག་དམངས་སློབ་སོགས་སྤྱི་ཚོགས་ལས་རིགས་ཁག་གིས“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གི་རྨ་ཤུལ་ལྡན་པའི་རྡོ་རིང་གནས་ཡུལ་ཐང་ཆེན་དུ་ཅོང་རྡུང་བ་དང་ཉེན་ཟོན་དུང་བརྡ་སྒྲོག་པའི་མཛད་སྒོ་སྤེལ་ནས“དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་བྱུང་ནས་ལོ་86འཁོར་བར་དྲན་གསོ་ཞུས་པ་རེད།
         ཧྲེན་དབྱང་གི“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ནི་རང་རྒྱལ་གྱི“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་དོན་རྐྱེན་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་རྟེན་རྫས་བཤམས་མཛོད་ཁང་འབའ་ཞིག་དེ་ཡིན་པ་དང་རིག་དངོས་དང་ལོ་རྒྱུས་ཀྱི་པར་རིས་འབོར་ཆེན་བརྒྱུད་དེ་ཀྲུང་གོའི་དམག་དམངས་ཚོས་ཁྲག་བཏོན་དམར་འཛིང་བརྒྱུད་མཐར་རི་འགོག་དམག་འཁྲུག་ལ་རླབས་ཆེན་རྒྱལ་ཁ་བླངས་པ་མངོན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།