འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་གྲོང་གསེབ་དགེ་རྒན་ཁྲི་17ལ་འཚོ་བའི་ཁ་གསབ་སྒོར་དུང་ཕྱུར་13རག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། གསར་འགོད་པར་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ། ཡུལ་དེས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ལས་དོན་ཞིང་ཆེན་སྲིད་གཞུང་གི་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ནང་བཅུག་ནས་སྐུལ་འདེད་ཤུགས་ཆེན་བཏང་བས། ལོ་ལྔའི་རིང་འཚོ་བའི་ཁ་གསབ་སྒོར་དུང་ཕྱུར་13ལྷག་ཙམ་སྤྲད་པར་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དགེ་རྒན་ཁྲི་17ལ་ཕན་པ་ཐོབ་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་ལོ་མཇུག་བར་ཀན་སུའུ་ཞིང་ཆེན་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་15580ཡོད་པ་དེར་སློབ་གྲྭར་འགྲོ་མུས་སློབ་མ་ཁྲི་508.37དང་དགེ་རྒན་ལས་བཟོ་ཁྲི་39.67ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སློབ་གྲྭ་ཁྱབ་ཚུལ་ཁ་ཐོར་དང་དགེ་རྒན་གྱི་གྲུབ་ཆའི་རང་བཞིན་གྱི་འགལ་བ་མངོན་གསལ་དོད་པའི་དོན་དངོས་ལ་དམིགས་ཏེ་ཀན་སུའུ་ཡིས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་དགེ་རྒན་ལ་ཁ་གསབ་བྱ་རྒྱུ་ཉིད་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། རིགས་ཁག་གི་དགེ་རྒན་གྱི་རྒྱུགས་སྤྲོད་རྣམ་གྲངས་སྤྱི་འདོམས་བྱེད་པ། དགོས་མཁོ་གཞིར་བཟུང་ལས་གནས་མཁོ་འདོན་དང་། ལས་གནས་གཞིར་བཟུང་གདན་ཞུ། གནད་སྨིན་ཁ་གསབ་བཅས་བྱས་ནས“གཞི་རིམ་དུ་སྐྱོད་པ་དང་། གཞིས་ཆགས་ཐུབ་པ། སློབ་ཁྲིད་ཡག་པོ་བྱེད་པ”བཅས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཁ་གསབ་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་དང་འཐུས་ཚང་དུ་བཏང་ཡོད། ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སློབ་གྲྭར་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཁྲི་2.1དང་བུ་བཅོལ་ཁང་གི་དགེ་རྒན་ཁྲི་1.1ཙམ་ཁ་གསབ་བྱས་ཡོད་པ་རེད།
         ཀན་སུའུ་ཡིས་གྲོང་གསེབ་དགེ་རྒན་གྱི་གཞུང་ལས་དང་ཉལ་ཁང་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་བ་དང“ཐག་རིང་དང་ལུང་ཁུག་ས་ཁུལ་གྱི་གྲོང་གསེབ་སློབ་གྲྭའི་དགེ་རྒན་གྱི་ལས་ཤག་འཛུགས་སྐྲུན་འཆར་འགོད”ལག་ལེན་ཤུགས་ཆེན་བསྟར་ཏེ་གྲོང་གསེབ་དགེ་རྒན་གྱི་འགན་སྲུང་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།