འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྫོང་དང་ཤང་གྲོང་བཅས་སུ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཁེབས་ཚད་97%
    ལྷག་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱིས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། 2016ལོའི་ལོ་མཇུག་བར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་28ལ་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཡོངས་སུ་ཁེབས་པ་དང་། རྒྱལ་ཡོངས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཁེབས་ཚད་97%ཡན་ཟིན་གྱི་ཡོད་པ་རེད།
          སྤྱི་ཚོགས་བཅོས་སྐྱོང་གི་གཞི་རིམ་རྨང་གཞི་བརྟན་དུ་བཏང་ནས་ས་གནས་ཁག་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་སྟེགས་འཛུགས་སྐྱོང་དང་ཐོན་ཁུངས་བསྡུ་སྒྲིལ་གྱི་ནུས་པ་འདོན་ཆེད། མི་གསོད་གྱོད་གཞི་སོགས་གྱོད་གཞི་ཚབས་ཆེན་དང་གནད་ཆེ་སྔོན་འགོག་དང་ཉུང་དུ་གཏོང་རྒྱུ་དེ་རྫོང་(གྲོང་ཁྱེར་དང་། ཆུས། ཆི)དང་། ཤང་དང་གྲོང་རྡལ་(ཁྲོམ་གཞུང)ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་ཀའི་དམིགས་ཚད་གལ་ཆེན་ཞིག་དང་། ཉེས་དོན་གྱོད་གཞི་སྔོན་འགོག་དང་ཉུང་དུ་གཏོང་རྒྱུ་དེ་གྲོང་ཚོའི་(སྡེ་ཁུལ)ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་ཀའི་དམིགས་ཚད་དུ་བརྩིས་པས། གཞི་རིམ་སྟོབས་ཤུགས་ཀྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་འཕྲལ་མར་གྲལ་བཤེར་དང་ཚོད་འཛིན་ནུས་ལྡན་བྱ་རྒྱུར་སྐུལ་མ་ཐེབས་ཡོད།
          དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་བྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བ་ནི་སྤྱི་ཚོགས་བཅོས་སྐྱོང་གི་རྩ་སྲ་རྨང་བརྟན་གྱི་བྱེད་ཐབས་གལ་ཆེན་ཞིག་རེད། 2016ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་སྡེ་ཁུལ་(གྲོང་ཚོ)གྱི་དྲ་མིག་ཅན་གྱི་ཁེབས་ཚད་93%ཟིན་པ་དེས་མི་དང་། ས་གནས། བྱ་བ། དངོས་པོ། རྩ་འཛུགས་སོགས་གཞི་རྩའི་བདེ་འཇགས་རྒྱུ་རྐྱེན་དག་གྲོང་གསེབ་ཀྱི་སྡེ་ཁུལ་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ནང་འཇུག་རྒྱུ་རེད།
         དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ཐད་འབྲེལ་ཡོད་སྡེ་ཚན་ཁག་དང་འགན་ནུས་སྤྱི་འདོམས་བྱས་ནས་མཐུན་སྦྱོར་བ་སྣ་ཚོགས་བསྡུ་སྒྲིལ་བརྒྱུད“སྡེ་ཚན་གྱི་དྲ་མིག་པ”དེ་གཅིག་གྱུར་དོ་དམ་དང་གཅིག་གོ་མང་ཆོད་ཀྱི“ཕྱོགས་བསྡུས་དྲ་མིག་པར”བསྒྱུར་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞིབ་ཚགས་ལ་གནད་དུ་སྨིན་པའི“མཐའ་མའི་འགག་གནད”ཅིག་ཏུ་འགྱུར་བ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།