འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མི་བཞུགས་ཆུ་འཛུལ་ཡོ་བྱད་ཀྱི་གྲུ་གཟིངས་ཨ་མ་བཟོ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན་རང་རྒྱལ་གྱི་མི་བཞུགས་ཆུ་འཛུལ་ཡོ་བྱད་ཀྱི་གྲུ་གཟིངས་ཨ་མ་དང་པོ་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཝུའུ་ཁྲང་གྲུ་གཟིངས་ཚོགས་པ་ཚད་ཡོད་ཀུང་སིས་བཟོ་འགོ་ཚུགས་པ་རེད།
          ཀྲུང་གོ་རྒྱ་མཚོ་ཆེ་མོ་མཐུན་ཚོགས་ཀྱི་ཁོངས་སུ་གཏོགས་པའི་རང་རྒྱལ་གྱི་མི་བཞུགས་ཆུ་འཛུལ་ཡོ་བྱད་ཀྱི་གྲུ་གཟུངས་ཨ་མའི་རིང་ཚད་ལ་སྨི་90.2དང་ཞེང་ཚད་ལ་སྨི་16.8ཡོད་པ་དང་བསྟུད་མར་སྐྱོད་ནུས་མཚོ་ལེ་14000ལྷག་ཙམ་ཟིན་པ་དང་གོ་ལ་ཧྲིལ་པོའི་མཚོ་ཐོག་ཏུ་བསྐྱོད་ཐུབ་པའི་ནུས་པ་ལྡན་ཡོད་ལ་སྔོན་ཐོན་གྱི་གློག་ཤུགས་འབུད་ཆས་མ་ལག་སྤྱད་ཡོད་པ་དང་ཚན་རིག་བརྟག་དཔྱད་དང་གྲངས་གཞི་ཐག་གཅོད་ལ་མཁོ་བའི་རིགས་མང་གི་ཚོད་ལྟ་ཁང་དང་མི་མེད་ཆུ་འཛུལ་ཆུ་དཔྱད་མ་ལག་སྒྲིག་སྦྱོར་བྱས་ཡོད། གྲུ་གཟིངས་དེས“ཀླུ་མོ་རྟགས་ཅན”ཆུ་གཏིང་དུ་འཛུལ་རྒྱུ་དང་ཆུ་ངོས་སུ་དོན་རྒྱུར་རམ་འདེགས་དང་ཉམས་བཟོ་སྲུང་སྐྱོང་བྱེད་ཐུབ་པ་དང་ཆབས་ཅིག་གྲངས་གཞི་དང་དངོས་དཔེ་ས་གནས་ས་ཐོག་ཏུ་ཐག་གཅོད་དང་དབྱེ་ཞིབ་བྱེད་པའི་ནུས་པའང་ལྡན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ཀླུ་མོ་རྟགས་ཅན”གྱི་མི་བཞུགས་ཆུ་འཛུལ་ཡོ་བྱད་ཀྱི་གྲུ་གཟིངས་ཨ་མ་2019ལོའི་ཟླ་3པར་རྩིས་སྤྲོད་བེད་སྤྱོད་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།