འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཕུལ་བའི་ལེགས་སྐྱེས་སམ་ཀྲུང་དབྱང་མི་རིགས་གླུ་གར་
    ཚོགས་པ་བཙུགས་ནས་ལོ་65འཁོར་བའི་གླུ་གར་དགོང་ཚོགས་ཆེ་གྲས་《མཛེས་སྡུག་
    ལྡན་པའི་ཁྱིམ་གཞིས་》ཞེས་པ་མི་རིགས་ཟློས་གར་ཁང་དུ་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཕུལ་བའི་ལེགས་སྐྱེས་སམ་ཀྲུང་དབྱང་མི་རིགས་གླུ་གར་
ཚོགས་པ་བཙུགས་ནས་ལོ་65འཁོར་བའི་གླུ་གར་དགོང་ཚོགས་ཆེ་གྲས་《མཛེས་སྡུག་
ལྡན་པའི་ཁྱིམ་གཞིས་》ཞེས་པ་མི་རིགས་ཟློས་གར་ཁང་དུ་བསྟན་པ།
          མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པ་ནི་1952ལོའི་ཟླ་དགུ་པར་བཙུགས་ལ། འདས་སོང་གི་ལོ་65ཡི་རིང་ལ། ཡིད་སེམས་ནས་བརྗེད་རྒྱུ་མེད་པ་དང་མིག་ལམ་ནས་ཡལ་རྒྱུ་མེད་པའི་བརྩམས་ཆོས་གང་མང་ཞིག་གསར་རྩོམ་བྱས་ཏེ་འཁྲབ་སྟོན་བྱས་ཡོད་ལ། སྙན་གྲགས་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་ཅིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་དགའ་མོས་དང་བརྩི་མཐོང་བྱེད་པའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་པ་ཡང་མང་པོ་གསོ་སྐྱོང་བྱས་ཡོད་པས། ནམ་ཡང་སྙི་རྒྱུ་མེད་པའི"མི་རིགས་སྒྱུ་རྩལ་གྱི་མེ་ཏོག"ཞེས་པའི་མཚན་སྙན་ཐོགས་ཡོད།
          ཟླ་9ཚེས་15ཉིན་གྱི་དགོང་མོར། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དུ་ཕུལ་བའི་ལེགས་སྐྱེས་སམ་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པ་བཙུགས་ནས་ལོ་65འཁོར་བའི་དགོང་ཚོགས་གོ་རིམ་ལྡན་པའི་ངང་འགོ་ཚུགས་ཡོད་ལ། འདི་ནི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་འདུ་འཛོམས་བྱས་པའི་མི་རིགས་གླུ་གར་སྒྱུ་རྩལ་རྩེ་གྲ་ཡི་དགྱེས་སྟོན་ཆེན་མོ་ཞིག་ཡིན་པ་རེད།
         མི་རིགས་ཟློས་གར་ཁང་དུ་གློག་འོད་གསལ་ལ། སྡོད་གནས་ཚང་མར་ལྟད་མོ་བས་ཁེངས་ཡོད། བཀྲག་མདངས་འཚེར་བའི་གླུ་གར་དང་འོད་སྟོང་འཕྲོ་བའི་གར་སྟེགས་བཅས་ཀྱིས་གནའ་གྲོང་པེ་ཅིང་མཁར་གྱི་སྟོན་དུས་ཀྱི་མཚན་མོ་སྔར་བས་མཛེས་ཉམས་ཤིག་ལྡན་པར་བྱས་འདུག
    【1】  【2】  【3】  【4】  【5】
    ༄༅།།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཕུལ་བའི་ལེགས་སྐྱེས་སམ་ཀྲུང་དབྱང་མི་རིགས་གླུ་གར་
ཚོགས་པ་བཙུགས་ནས་ལོ་65འཁོར་བའི་གླུ་གར་དགོང་ཚོགས་ཆེ་གྲས་《མཛེས་སྡུག་
ལྡན་པའི་ཁྱིམ་གཞིས་》ཞེས་པ་མི་རིགས་ཟློས་གར་ཁང་དུ་བསྟན་པ།
    ༄༅།།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཕུལ་བའི་ལེགས་སྐྱེས་སམ་ཀྲུང་དབྱང་མི་རིགས་གླུ་གར་
ཚོགས་པ་བཙུགས་ནས་ལོ་65འཁོར་བའི་གླུ་གར་དགོང་ཚོགས་ཆེ་གྲས་《མཛེས་སྡུག་
ལྡན་པའི་ཁྱིམ་གཞིས་》ཞེས་པ་མི་རིགས་ཟློས་གར་ཁང་དུ་བསྟན་པ།
      

    ཕྱོགས་བསྡུས་གསར་འགྱུར།