འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི"ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འཆར་གཞིའི"གནས་སྤོས་འཛུགས་སྐྲུན་
    ལས་འགན་ཕྱེད་ཙམ་ལེགས་གྲུབ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། 2020ལོར་སླེབས་སྐབས་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོ་ཚང་མ་རྒྱལ་ཡོངས་ཀྱི་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པ་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2016ལོ་ནས་བཟུང་ལོ་5ཡི་དུས་ཚོད་སྤྱད་ནས། “ཡུལ་ཕྱོགས་དེ་གས་ཡུལ་ཕྱོགས་དེ་གའི་མི་གསོ་མི་ཐུབ་པའི”ས་ཁུལ་དུ་འཚོ་བ་སྐྱེལ་མཁན་མི་ཁྲི་1000ཙམ་ལ་གཱ་དང་ཡིག་ཚགས་བཟོས་ནས་མི་འབོར་དབུལ་པོར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
         ཚེས་16ཉིན། གསར་འགོད་པར་སི་ཁྲོན་ཏ་ཀྲོའུ་རུ་འཚོགས་པའི་རྒྱལ་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་དུ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འཆར་གཞིའི་གནས་སྤོས་འཛུགས་སྐྲུན་ལས་འགན་ཕྱེད་ཙམ་ལེགས་གྲུབ་ཟིན་པ་རེད།
         ཉེ་བའི་ལོ་གཉིས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)22ཀྱི་ཏང་ཨུད་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་འབྲེལ། དབུལ་སྒྲོལ་འགག་སྒྲོལ་གྱི“ལས་གྲྭ་དང་པོ”དེར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “ཀ་བཞི་གདུང་བརྒྱད”ཀྱི་སྲིད་ཇུས་མ་ལག་སྤྱིར་ན་གྲུབ་པས་མཐུན་སྦྱོར་མཉམ་འགུལ་གྱི་སྐུལ་འདེད་ལམ་སྲོལ་རིམ་བཞིན་ཆགས་པ་དང་བཀོད་སྒྲིག་སྡོད་ཁང་ལས་གྲྭའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་རྗེས་མཐུད་ཀྱི་དབུལ་སྒྲོལ་བྱེད་ཐབས་སྔར་བས་དོན་འཁྱོལ་བྱས་པས། གནས་སྤོས་དབུལ་སྐྱོར་ལས་དོན་གྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད།
         ཟླ་8པའི་ཟླ་མཇུག་བར། རིམ་རྩིས་བྱས་ན་རྒྱལ་ཡོངས་སུ་2017ལོའི་ལོ་འཁོར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཁྲི་1.4ལས་འགོ་ཚུགས་པར་ལས་འགོ་ཚུགས་ཚད་95%ཟིན་པ་དང་། རྣམ་གྲངས་4000ལྷག་ཙམ་ལས་འཇུག་འགྲིལ་བར་ལས་མཇུག་འགྲིལ་ཚད་28%ཟིན་ཞིང་། དེའི་ནང་ཧོ་པེ་དང་། ཧྲན་ཤིས། ཨན་ཧུའེ། ཕུའུ་ཅན། ཧོ་ནན། ཧུའུ་པེ། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། བོད་ལྗོངས། ཧྲའན་ཤིས། མཚོ་སྔོན། ཉིང་ཞ་བཅས་ཞིང་ཆེན་13དུ་ལས་འགོ་ཚུགས་ཚད་100%ཟིན་གྱི་ཡོད། རགས་རྩིས་ལྟར་ན། ས་ཁུལ་ཁག་གིས་2017ལོའི་གནས་སྤོས་འཆར་གཞིའི་གཱ་དང་ཡིག་ཚགས་བཟོས་པའི་མི་འབོར་དབུལ་པོ་ཁྲི་159ལ་རོགས་སྐྱོར་བྱེད་ཐབས་བཟོས་པ་དང་དོན་འཁྱོལ་བྱས་ཟིན་ནས་ཆ་སྙོམས་དུད་ཚང་རེའི་མི་1ཡན་ལ་རོགས་རམ་ཐོབ་ཡོད་པ་རེད།
         རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱིས་མ་དངུལ་སྒོར་དུང་ཕྱུར་1000ལྷག་ཙམ་བཏང་སྟེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་འཆར་གཞི་ལག་ལེན་བསྟར་རྒྱུ་དང་གཱ་དང་ཡིག་ཚགས་བཟོས་པའི་མི་འབོར་དབུལ་པོའི་དུད་ཚང་ཁྲི་1000ཙམ་གནས་སྤོས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས“སྡོད་ཁང་གོག་ཧྲུལ་ནས་སྤོ་བ་དང་། ཐོན་ལས་དར་རྒྱས་ཡོང་བ། དབུལ་པོའི་ཞ་མོ་རྦད་དེ་འབུད་པ”བཅས་བྱས་ནས“སྤོ་ཐུབ་པ་དང་། གཞིས་ཆགས་པ། ཕྱུག་པོ་ཆགས་པ”བཅས་དངོས་སུ་ཡོང་བ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།